སྲིད་སྐྱོང་མཆོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་མགྲོན་ལ་ཕེབས་པ།

སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་བཞིན་ཕེབས་པ།

སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཊིར་ཕེབས་འབྱོར་དང་བོད་མིས་ཕེབས་བསུ། ༢༠༡༥།༡༡།༢ tibet.net

སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་བཞིན་ཕེབས་པ།
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་བཞིན། ཁ་ས་ཕྱི་ཚེས་༡་ཉིན་རྒྱ་གར་བྱང་ཤར་གོ་ཧ་ཊིའི་གནམ་ཐང་དུ་ཕེབས་འབྱོར་གྱིས། རྒྱ་གར་གཞུང་གི་གནད་ཡོད་མི་སྣ་བཞུགས་སའི་Circuit Houseཞེས་པའི་མགྲོན་ཁང་དུ་ཕེབས་སྐབས། བྱང་ཤར་ཁུལ་གྱི་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་རྣམས་ཀྱིས་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་དང་ས་གནས་འགོ་འཛིན་རྣམས་དུས་ཡུན་ཐུང་ངུ་ཞིག་རིང་མཇལ་མོལ་ཡང་གནང་ཡོད་པ་རེད།
ཡང་སྐབས་དེར་སྲིད་སྐྱོང་མཆོག་ལ་ཕེབས་བསུའི་སྣེ་ལེན་ཆེད་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཁུལ་གྱི་ཏི་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་། བསྟན་འཛིན་སྒང་། མེ་ག་ལ་ཡའི་མངའ་སྡེའི་ནང་གི་ཤི་ལོང་བཅས་ཀྱི་ས་གནས་འགོ་འཛིན་དང་། དེ་བཞིན་ཤི་ལོང་ས་གནས་འཐུས་མི། རང་བདེན་ཚོགས་ཆུང་། སྤྱི་མི་འོས་བསྡུའི་ལས་བྱེད་མི་སྣ། གསར་འགོད་པ་བཅས་ཕེབས་བསུར་བཅར་ཡོད་པ་རེད།
ཁོང་རྣམས་པའི་དབར་མཇལ་འཕྲད་གླེང་མོལ་གྲུབ་པའི་རྗེས་སྲིད་སྐྱོང་མཆོག་གོ་ཧ་ཌེའི་བཞུགས་གནས་མགྲོན་ཁང་དུ་ཕེབས་ཐོན་གནང་སྟེ། འདི་རིང་ཕྱི་ཚེས་༢ཉིན་སྲིད་སྐྱོང་མཆོག་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་ཆེ་བསྟོད་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org