རྒྱ་ནག་ཉེན་རྟོག་གི་འགན་འཛིན་ཟུར་བར་ཁྲིམས་ཐག་བཅད་པ།
རྒྱ་ནག་སྤྱི་བདེ་ཉེན་རྟོག་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་བས་ལྐོག་ཟ་རུལ་སུངས་བྱས་ལུགས་ཀྱིས་ལོ་༡༥་ཡི་དུས་བཀག་ཁྲིམས་ཐག་བཅད་པ།
-
2016-01-12 -
-
-
རྒྱ་ནག་སྤྱི་བདེ་ཉེན་རྟོག་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་བས་ལྐོག་ཟ་རུལ་སུངས་བྱས་ལུགས་ཀྱིས་ལོ་༡༥་ཡི་དུས་བཀག་ཁྲིམས་ཐག་བཅད་པ།
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་ཡིས་གནས་ཚུལ་སྤེལ་བ་APཡིས་ལུངས་འདྲེན་བྱས་བའི་གནས་ཚུལ་ལྟར་ན། ཕྱི་ཚེས་༡༢་ཉིན་རྒྱ་ནག་ཐེན་ཅིན་Tianjin་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཨང་གཉིས་པའི་ནང་། རྒྱ་ནག་ཉེན་རྟོག་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་པ་Li Dongshengཟེར་བས་རྒྱ་སྒོར་ས་ཡ་༢༢་ལྐོག་རྔན་བླངས་པའི་ནག་ཉེས་འོག་མི་ལོ་༡༥་ཡི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།
གནས་ཚུལ་ནང་། ལེ་ཏུང་ཧྲིན་Li Dongshengནི་སྤྱི་ལོ་༡༩༩༦་ནས་༢༠༡༣་ལོའི་བར་རྒྱ་ནག་ཉེན་རྟོག་ལྷན་ཁང་གི་འགན་འཛིན་གཞོན་པ་དང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་འགན་འཛིན་གཞོན་པའི་འགན་འཁུར་ལེན་པའི་བརྒྱུད་རིམ་ནང་གཞན་གྱི་ལག་ནས་ལྐོག་རྔན་འབོར་ཆེན་བླངས་ཡོད་པ་མ་ཟད། ལྷག་པར་སྤྱི་ལོ་༢༠༠༨་ནས་༢༠༡༣་བར་རྒྱ་སྒོར་ས་ཡ་༢༢་གྱི་དངུལ་དངོས་བླངས་ཡོད་ལུགས་བརྗོད་འདུག
ལེ་Liནི་ཁྲིམས་ཀྱི་ལས་དོན་ཐོག་ལ་ཉམས་མྱོང་གང་ཡང་མེད་ཀྱང་ཁོ་པས་སྤྱི་ལོ་༢༠༠༩་ལོར་རྒྱ་ནག་ཉེན་རྟོག་ལྷན་ཁང་གི་འགན་འཛིན་གཞོན་པ་བྱེད་ཐུབ་པ་དེ་ནི། དེ་སྔོན་རྒྱ་ནག་གཞུང་གིས་ལྐོག་ཟ་བྱས་པའི་ནག་ཉེས་འོག་ཚེ་བཙོན་ཁྲིམས་ཐག་གཅོད་པའི་རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཟུར་པ་Zhou Yongkang གིས་རོགས་རམ་བྱས་པ་ཡིན་པ་མང་པོ་ཞིག་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ནས་ད་ཡོད་རྒྱ་ནག་གི་སྲིད་འཛིན་Xi Jinpingཡིས་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ཟེར་བ་དེའི་འོག་གཙོ་ཆེ་ཤོས་Zhouདང་། Liའདྲ་བའི་Xi Jinpingཡི་ཁ་གཏད་དཔོན་རིགས་ཚོ་མེད་པ་བཟོ་ཐབས་ཤིག་ཡིན་པ་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།