རྗེ་སྐུ་འབུམ་གྱི་མེ་ཏོག་མཆོད་རྒྱན་སྐབས་དམག་མི་འབྱོར་བ།

སྐུ་འབུམ་ལ་དམག་མི་བཀྲམ་དོན་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་རེད་དམ་ཡང་ན་དམག་འཁྲུག་གི་ཆེད་དུ་རེད་ཟེར།

རྗེ་སྐུ་འབུམ་གྱི་མེ་ཏོག་མཆོད་རྒྱན་སྐབས་དམག་མི་འབྱོར་བ། ༢༠༡༥།༣།༥

སྐུ་འབུམ་ལ་དམག་མི་བཀྲམ་དོན་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་རེད་དམ་ཡང་ན་དམག་འཁྲུག་གི་ཆེད་དུ་རེད་ཟེར།

འདི་གར་གནས་ཚུལ་འབྱོར་དོན། ཆོ་འཕྲུལ་སྨོན་ལམ་གྱི་བཅོ་ལྔ་མཆོད་པ་ཉིན་མདོ་སྨད་རྗེ་སྐུ་འབུམ་ཕྱོགས་སུ་རྒྱ་ནག་གཞུང་གིས་དྲག་ཆས་དཔུང་དམག་སྟོང་ཚོ་བརྒལ་བ་ཆེད་འཛོམས་བྱེད་བཅུག་ནས། རུ་སྒྲིག་བྱེད་པ་དང་། དྲག་ཤུགས་ངོམ་པ་སོགས་བྱས་བར་བཅོ་ལྔ་མཆོད་པ་ཉིན་དད་ལྡན་བོད་རིགས་ཚོའི་ཉིན་རེའི་འཚོ་བའི་ནང་ཞེད་སྣང་དངངས་སྐྲག་གི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་ས་གནས་བོད་མིས་འགྲེལ་བརྗོད་བྱས་ཡོད། འདྲ་པར་ནང་རྒྱ་ནག་གི་བཅིངས་གྲོལ་དམག་མིས་དྲག་ཆས་གོ་མཚོན་ཐོགས་ཏེ་བོད་རིགས་མི་མང་གི་དཀྱིལ་དུ་འཇིགས་རྔམ་སྟོན་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་དང་། ས་གནས་བོད་མི་ཞིག་གིས་འདི་གར་འདྲ་པར་ཞིག་བཏང་ནས་འདི་སྐུ་འབུམ་རེད་དམ་དམག་འབུམ་རེད་བཅས་ངོ་སྤྲོད་བྱས་བྱུང་། ད་དུང་ཕྱི་ནང་གི་དྲ་ལམ་འཕྲིན་ལམ་ལམང་པོས་ཆོས་ཀྱི་བྱེད་སྒོ་སྤེལ་སར་དམག་མི་འདི་འདྲ་མང་པོ་དཀྲམ་དོན་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་རེད་དམ་ཡང་ན་དམག་འཁྲུག་གི་ཆེད་དུ་རེད་ཞེས་ཟུར་ཟ་དང་སྐྱོན་བརྗོད་བསམ་ཚུལ་སྟོན་མཁན་མང་པོ་མཐོང་རྒྱུ་འདུག
སྤྱིར་སྟངས་ཉེ་ཆར་ནས་བོད་ཀྱི་ས་ཁུལ་མང་པོར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
སྐུ་འབུམ་དགོན་གྱི་མེ་ཏོག་མཆོད་རྒྱན་ནི། ལོ་རེའི་སྨོན་ལམ་ཆེན་མོར་མཆོད་འཇལ་བྱེད་པའི་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཀྱི་ཆོ་ག་གཙོ་བོ་ཞིག་ཡིན། འདི་ནི་སྐུ་འབུམ་དགོན་གྱི་གྲྭ་ཚང་གོང་འོག་གིས་མར་ལ་བརྟེན་ནས་སྐྱེས་རབས་དང་རྣམ་ཐར། རྟོགས་བརྗོད་སོགས་བཞེངས་པ་དགོན་པ་གཞན་པའི་མཆོད་པ་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་ལག་ཤེས་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། ཆོས་ཀྱི་མཆོད་པ་ཆེན་པོ་ཞིག་ཀྱང་ཡིན་པས་བོད་ཁམས་སྤྱི་དང་ཕྱི་ནང་གང་སར་སྙན་པའི་གྲགས་པ་ཁྱབ་ཡོད། བཤད་སྲོལ་ལ་དེར་ཐིག་རྩ་རིག་པ་དང་ཚོན་མདོག་རིག་པ། རྒྱན་སྤྲོས་རིག་པ། བརྐོས་བཀྲོལ་རིག་པ་སོགས་ཕྱོགས་མང་པོའི་ཆུ་ཚད་མཐོན་པོ་ཡིན་པ་མ་ཟད། དེ་ལ་མི་རིགས་རིག་པ་དང་། ཆོས་ལུགས་རིག་པ། དམངས་སྲོལ་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས་རྒྱ་ནག་སོགས་ས་ཁུལ་འདྲ་མིན་ནས་ཆེད་དུ་མཇལ་བར་ཕེབས་མཁན་སྟོང་ཚོ་མང་པོ་ཡོད།  

གསར་འགོད་པ་ཕྲེང་རིང་བསྟན་ནོར་དང་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org