བཀའ་ཁྲི་དང་ནང་སྲིད་བཀའ་བློན་གཞུང་དོན་ཕྱོགས་ཕེབས།

བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་རྣམ་གཉིས་གཞུང་དོན་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཕྱི་ཟླ་ ༡ ཚེས་ ༡༧ ཉིན་གནས་ཚུལ་སྤེལ་བར་གཞིགས་ན་ བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་ཕྱི་ཟླ་ ༡ ཚེས་ ༡༩ ནས་ ༢༣ བར་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་ཞིང་ ཕྱི་ཚེས་ ༡༩ ཉིན་ རྒྱ་གར་གྱི་ནུབ་སྦེང་གལ་མངའ་སྡེའི་རྒྱལ་ས་ ཀོ་ལི་ཀོ་ཏར་ཕེབས་ཐོན་གྱིས་ ཕྱི་ཚེས་ ༢༠ སྔ་དྲོ་ YMWS ཞེས་པའི་གཞོན་ནུའི་ཚོགས་པ་དེའི་ལས་གཞི་ཁག་ལ་གཟིགས་ཞིབ་གནང་རྒྱུ་དང་ དེའི་ཕྱི་དྲོར་ Tagore  འབྲེལ་མཐུད་ཤེས་ཡོན་བསྟི་གནས་ཁང་སྟེ་ Tagore Center for informative education ཞེས་པ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་རྒྱུ་ཡིན་འདུག།
ཕྱི་ཚེས་ ༢༡ ཉིན་ ཀོ་ལི་ཀོ་ཏ་ནས་ དིབ་རི་གྷར་ཕེབས་འབྱོར་གྱིས་ མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་་གནང་རྒྱུ་དང་ དེའི་ཕྱི་དྲོར་ས་གནས་འགོ་འཛིན་ཁག་དང་བཞུགས་མོལ་ཚོགས་འདུ་གནང་རྒྱུ་ཡིན་ཞིང༌།  སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཀྱང་ལྷན་བཅར་ཞུ་རྒྱུ་ཡིན་ཞིང༌།  དེ་ནས་ཕྱི་ཚེས་ ༢༢ ཉིན་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་དམངས་འདུ་འཛོམས་ཐོག་བཀའ་བློན་ཁྲི་པ་མཆོག་ནས་གསུང་བཤད་གནང་རྒྱུ་དང་ དེ་རྗེས་བཀའ་བློན་ཁྲི་པ་ལྡི་ལིར་ཕེབས་ཐོན་གྱིས་ ཕྱི་ཚེས་ ༢༣ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org