ཆོས་རིག་བཀའ་བློན་མཆོག་གིས་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིཊ་གནང་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་འདུག
-
2018-10-09 -
-
-
ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། ༢༠༡༧
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༨ ནས་ ༢༤ བར་རྒྱ་གར་བྱང་ཤར་ཁུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་འདུག
ཆོས་རིག་བཀའ་བློན་མཆོག་ཕྱི་ཚེས་ ༩ ནས་ ༡༥ བར་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་ཁུལ་གྱི་བོད་མི་གནས་སྡོད་ས་གནས་བསྟན་འཛིན་སྒང་དང་། འབུམ་སྡེ་ལ། དྷི་རངས་ རྟ་དབང་བཅས་སུ་ཕེབས་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༡༦ ནས་ ༢༣ བར་མེའོ་ཆོས་འཕེལ་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། ཀྲུ་ཀྲིང་། ཤི་ལོངས་བཅས་སུ་ཕེབས་འཆར་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།