ཉི་ཧོང་དང་རྒྱ་ནག་གི་རྩོད་གླེང་ཅན་གྱི་ས་ཁུལ་སྐོར་བཀའ་བསྡུར།

ཉི་ཧོང་དང་རྒྱ་ནག་དབར་བདག་དབང་གི་རྩོད་གླེང་ཡོད་པའི་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་མངའ་ཁུལ་གྱི་གནད་དོན་ཐོག་བཀའ་བསྡུར་གནང་བ།

༄༅༎ཉི་ཧོང་དང་རྒྱ་ནག་གི་དཔོན་རིགས་དབར་གཟའ་སྤེན་པའི་ཉིན་རྩོད་གླེང་ཡོད་པའི་གླིང་ཕྲན་མངའ་ཁུལ་གྱི་བདག་དབང་གནད་དོན་ཐོག་ཕན་ཚུན་གྲོས་མོལ་གནང་ཡོད་པ་དང་ཉི་ཧོང་གི་སྲིད་བློན་ཊ་རོ་ཨ་སོ་མཆོག་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་རྣམ་གཉིས་དབར་ཉི་ཧོང་དང་རྒྱ་ནག།ལྷོ་ཀོ་རི་ཡ་བཅས་ཡུལ་གྲུ་གསུམ་གྱི་ཆེ་མཐོའི་དཔོན་རིགས་ལྷན་ཚོགས་མ་གནང་སྔོན་ཉི་ཧོང་དང་རྒྱ་ནག་དབར་བདག་དབང་གི་རྩོད་གླེང་ཡོད་པའི་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་མངའ་ཁུལ་གྱི་གནད་དོན་ཐོག་ཕན་ཚུན་བཀའ་བསྡུར་གནང་ཡོད་ཅིང་ཉི་ཧོང་གི་དཔོན་རིགས་ནས་གསུངས་ན་ཉི་ཧོང་གིས་སེན་ཀ་ཀུ་ཞེས་འབོད་པ་དང་རྒྱ་ནག་གིས་ཧིའོ་ཡུས་ཞེས་འབོད་པའི་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གླིང་ཕྲན་ས་ཁུལ་གྱི་བདག་དབང་ཐོག་ཕྱོགས་གཉིས་དབར་རྩོད་གླེང་ཡོད་པའི་ད་ལྟའི་ཆར་ཉི་ཧོང་གི་བདག་དབང་བྱེད་བཞིན་པའི་མཚོ་གླིང་ཁུལ་དུ་ཉེ་ཆར་རྒྱ་ནག་གི་མཚོ་ཐོག་གནས་ཚུལ་བརྟག་དཔྱད་བྱེད་མཁན་གྱི་གྲུ་གཟིངས་གཉིས་མཚོ་ཁུལ་དེའི་བརྒྱུད་འཛུལ་ནས་དུས་ཡུན་ཚོུད་དགུ་རྩམ་ཕྱིན་པའི་རྗེས་གཞི་ནས་ཕྱིར་ལོག་བྱས་ཡོད་པའི་སྐོར་དེ་རྒྱ་ནག་ཕྱོགས་སུ་བཏོན་ནས་དེའི་ཐོག་ཉི་ཧོང་གཞུང་བློ་ཕམ་ཆེན་པོ་ཡོད་པ་དང་རྒྱ་ནག་གཞུང་ཕྱོགས་ནས་གྲུ་གཟིངས་གཉིས་པོ་དེས་མཚོ་ཁུལ་དེའི་ནང་བརྟག་དཔྱད་ག་རེ་བྱས་མིན་གྱི་ལན་འདེབས་ཁ་གསལ་དགོས་པའི་དགོས་འདུན་བཏོན་གནང་ཡོད་པ་ཉི་ཧོང་གི་དཔོན་རིགས་ནས་གསུངས་བཞག ཡིན་ནའི་རྒྱ་ནག་གི་སྲིད་བློན་ལྦེན་ཅའ་བའོ་ཡིས་རྩོད་གླེང་ཡོད་པའི་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་དེ་བཞིན་སྔ་མོ་ནས་རྒྱ་ནག་གི་མངའ་ཁུལ་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་འབྲེལ་རྒྱ་ནག་གཞུང་གིས་ཉེ་བའི་ཆར་ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཕྲན་བུའི་བཟང་དུ་འགྲོ་བཞིན་པའི་གནས་སྟངས་དེར་གནོད་འཚབ་མི་ཡོང་བའི་ཆེད་གོང་ཞུས་བདག་དབང་ཐོག་རྩོད་གླེང་ཡོད་པའི་གནད་དོན་དེ་བཞིན་གྲོས་མོལ་གྱི་ལམ་བུའི་ཐོག་ནས་སེལ་ཐབས་ཡོང་རྒྱུའི་བསམ་ཞིབ་གནང་གི་ཡོད་པ་གསུངས་བཞག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org