རྒྱ་ནག་ལ་གདོང་ལེན་བྱ་རྒྱུའི་གདེང་ཚོད་ཡོད།

ཉི་ཧོང་གི་སྲིད་བློན་མཆོག་གིས་ཉི་ཧོང་རྒྱལ་ཁབ་ཀྱི་ངོས་ནས་རྒྱ་ནག་ལ་གདེང་ཚོད་ཆེ་ཙམ་གྱི་ཐོག་ནས་གདོང་ལེན་བྱ་རྒྱུ་ཡིན་པ་གསུངས་ཡོད་འདུག།

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་སྦི། བི་ཀི་པི་ཌི་ཡ།

The Wall Street ཉིན་རེའི་གསར་ཤོག་གིས་ཉི་ཧོང་གི་སྲིད་བློན་ལ་བཅར་འདྲི་ཞུས་པ་ཞིག་གཟའ་སྤེན་པའི་ཚགས་པར་གྱི་ནང་འགྲེམ་སྤེལ་བྱས་ཡོད་པ་དེའི་ནང་། ཉེ་ཧོང་གི་སྲིད་བློན་སྐུ་ཞབས་ཨ་སྦེས་ཉེ་ཧོང་གིས་རྒྱ་ནག་གིས་ཕྱི་འབྲེལ་སྲིད་བྱུས་ཀྱི་དམིགས་ཡུལ་བསྒྲུབ་ཐབས་སུ་དྲག་པོའི་ཐབས་ལམ་བེད་སྤྱོད་བྱ་རྒྱུ་འགོག་ཐབས་ཀྱི་འགོ་འཁྲིད་བྱེད་དགོས་ཀྱི་རེད་ཅེས་གསུངས་ཤིང་། རྒྱ་ནག་གི་རྒན་ཡོལ་ཕྱིན་ཟིན་པའི་ཕྱི་འབྲེལ་དཔོན་རིགས་ཤིག་གིས་ཉེ་ཧོང་གིས་མངའ་ཁུལ་གྱི་ནང་རྒྱ་ནག་འདུས་ཐབས་ཀྱི་དམིགས་ཡུལ་ངན་པ་བཅངས་པའི་ལས་འགུལ་སྤེལ་བཞིན་པ་དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་རང་བཞིན་ཞིག་རེད་ཅེས་དང་། ཡང་རྒྱ་ནག་བདེ་སྲུང་ལྷན་ཁང་གིས་ཉེ་ཧོང་གི་ངོས་ནས་རྒྱ་ནག་ཚོད་རྩིས་དམའ་པོ་བྱེད་རྒྱུ་མེད་པ་དང་། རྒྱ་ནག་གི་ངོས་ནས་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་འཛེམས་ཟོན་རྩ་བ་ནས་མེད་པའི་ཐོག་ནས་ཐབས་ལམ་གང་ཡང་བེད་སྤྱོད་བྱེད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
ཉེ་ཧོང་གི་སྲིད་བློན་ཨ་སྦེ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་དབུ་འཁྲིད་རྣམ་པ་དང་མཇལ་འཕྲད་སྐབས། ཁོང་ཚོས་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ཀྱི་སྣོན་ཤུགས་ཇེ་ཆེར་གཏོང་བཞིན་པའི་སྐབས་འདིར་ཉེ་ཧོང་གི་ངོས་ནས་སྲུང་སྐྱོབ་དང་འབྲེལ་བའི་འགོ་འཁྲིད་གྱི་ལས་འགན་ཆེ་ཙམ་བླངས་དགོས་པའི་རེ་འདུན་བཏོན་གྱི་ཡོད་པ་འགྲེལ་བརྗོད་གནང་པ་དང་། ཁོང་གིས་ ཁོང་ཚོས་སེམས་འཚབ་གནང་པའི་རྒྱུ་མཚན་ནི་རྒྱ་ནག་གིས་མངའ་ཁུལ་ནང་གི་ད་ལྟའི་གནས་བབས་དེ་ཁྲིམས་དང་མཐུན་པའི་ཐོག་མིན་པར་དྲག་པོའི་སྒོ་ནས་འགྱུར་ཐབས་བྱེད་བཞིན་པ་དེ་ཡིན་པ་རེད། གལ་ཏེ་རྒྱ་ནག་གིས་འགྲོ་ལམ་དེའི་ཐོག་བསྐྱོད་རྒྱུ་འདེམ་ཁ་བྱེད་ཚེ་ཞི་བདེ་འབྱུང་རྒྱུ་མིན་པ་གསལ་པོ་རེད་ཅེས་དང་། དེར་བརྟེན་རྒྱ་ནག་གིས་འདེམ་ཁ་དེ་བྱེད་རྒྱུ་མེད་ལ། རྒྱལ་ཁབ་མང་པོས་ཉེ་ཧོང་གིས་བསམ་ཚུལ་དེ་ཤུགས་ཆེ་གསལ་སྟོན་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགན་འཁུར་ལྡན་པའི་ལས་དོན་སྤེལ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org