ཨི་རན་དང་རྡུལ་ཕྲན་ནུས་ཤུགས་ཀྱི་གནད་དོན་ཐོག་གྲོས་མོལ།
ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་རྒྱ་སྐྱེད་ཀྱི་ལས་འཆར་སྐོར་གྲོས་མོལ་གནང་ཡུལ་གཏན་འཁེལ་མེད་ལུགས་འགྲེལ་བརྗོད་བྱེད་ཡོད་འདུག
-
2010-11-16 -
-
-
༄༅༎ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་རྒྱ་སྐྱེད་ཀྱི་ལས་འཆར་སྐོར་གྲོས་མོལ་གནང་རྒྱུའི་དུས་ཚོད་གཏན་འཁེལ་ཡོད་ཀྱང་གྲོས་མོལ་གནང་ཡུལ་གཏན་འཁེལ་མེད་ལུགས་འགྲེལ་བརྗོད་བྱེད་ཡོད་འདུག
དེ་ཡང་ཨི་རན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་འགྲེལ་བརྗོད་བྱས་པར་ལྟར་ན། ཡུ་རོབ་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་སྤྱི་ཁྱབ་དང་ལྷན་དུ་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་མཇལ་འཕྲད་ཀྱིས་རྒྱུན་རིང་ནས་ཚོགས་མ་ཐུབ་པའི་རྡུལ་ཕྲན་ནུས་ཤུགས་ཀྱི་གནད་དོན་ཐོག་ཚོགས་འདུ་ཟླ་བ་རྗེས་མའི་ཚེས་ལྔ་ཉིན་གནང་གཏན་འཁེལ་བ་བྱུང་ཡོད་ལུགས་གསུངས་འདུག འོན་ཀྱང་ད་ལྟའི་ཆར་ཚོགས་འདུ་ཚོགས་ཡུལ་སུད་སི་འམ་ཡང་ན་ཨོ་སེ་ཀྲེ་རི་ཡ་གཉིས་གང་དུ་གནང་མིན་ཐུགས་གཏན་འཁེལ་བ་བྱུང་མེད་པའི་སྐོར་ཡང་གསལ་བཤད་གནང་ཡོད་པ་རེད།
ཡུ་རོབ་སྤྱི་མཐུན་དང་མནའ་འབྲེལ་རྒྱལ་ཁབ་ཚོ་དང་ཨི་རན་དབར་ཕྱི་ལོ་༢༠༠༩ཕྱི་ཟླ་དགུ་པ་ནས་བཟུང་གྲོས་མོལ་གྱི་བརྒྱུད་རིམ་མཚམས་འཇོག་བྱས་ཡོད་པ་རེད། ཡང་ཨི་རན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ར་མིན་གྱི་མུ་མཐུད་ནས་གསར་འགོད་ལྷན་ཚོགས་ཐོག་གསུངས་པར་ལྟར་ན། ཕྱོགས་གཉིས་ཀའི་ངོས་ནས་རྒྱལ་སྤྱིའི་ནང་དཀའ་རྙོག་སེལ་ཐབས་སུ་དམིགས་ནས་མཉམ་འབྲེལ་གྱི་ཐོག་ནས་གྲོས་མོལ་གནང་འདོད་ཡོད་པ་ཡིན་ན་ང་ཚོའི་ངོས་ནས་ཀྱང་དེར་དགའ་བསུ་ཞུ་རྒྱུ་ཡིན་ལ་གྲོས་མོལ་ངེས་པར་དུ་གནང་དགོས་ཀྱི་རེད་ཅེས་ནན་བརྗོད་བྱས་ཡོད་འདུག།