ཨི་རན་གྱིས་རྡུལ་ཕྲན་ཉིང་ཁུ་བསྔོཌ་འདོན་བཟོ་གྲྭ་གསར་བཙུགས།

ཨི་རན་ནང་རྡུལ་ཕྲན་གྱི་ཉིང་ཁུ་བསྔོགས་འདོན་གྱི་བཟོ་གྲྭ་གསར་པ་བཅུ་འཛུགས་རྒྱུའི་སྲིད་འཛིན་གྱིས་བཏོན་པའི་འཆར་གཞིར་མོས་མཐུན་བྱུང་བ།

༄༅༎ཨི་རན་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་ཕྱི་ཚེས་༢༩ཉིན་གནས་ཚུལ་སྤེལ་བའི་ནང་ཨི་རན་གཞུང་གིས་ཨི་རན་ནང་རྡུལ་ཕྲན་གྱི་ཉིང་ཁུ་བསྔོགས་འདོན་གྱི་བཟོ་གྲྭ་གསར་པ་བཅུ་འཛུགས་རྒྱུའི་སྲིད་འཛིན་གྱིས་བཏོན་པའི་འཆར་གཞིར་མོས་མཐུན་བྱུང་ཡོད་པའི་སྐོར་འཁོད་ཡོད་པ་རེད་ ཨི་རན་གི་སྲིད་འཛིན་ཨེ་མ་རྡི་ནེ་ཇའ་རྡེ་ཡིས་བརྗོད་པར་གཞིགས་ན་ཕྱི་ལོ་ཉིས་སྟོང་ཉི་ཤུའི་བར་ཨི་རན་གྱིས་རྡུལ་ཕྲན་གྱི་ཉིང་ཁུའི་གློག་ཤུགས་ཁྲི་གཉིས་ཙམ་ཐོན་སྐྱེད་བྱེད་ཐུབ་དགོས་པའི་སྐོར་ཨི་རན་བློན་ཆེན་ལྷན་ཚོགས་ཐོག་གྲོས་གཞི་བཏོན་ཡོད་ཅིང་གྲོས་གཞི་དེ་ལྟར་གཞིར་བཟུང་ན་ཨི་རན་གྱིས་རྡུལ་ཕྲན་གྱི་ཉིང་ཁུ་བསྔོགས་འདོན་ལས་འཆར་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད་ཉིང་ཁུའི་སྤུས་ཚད་ཀྱང་ཇེ་མཐོར་གཏོང་དགོས་ཀྱི་ཡོད་པ་རེད་ ཨི་རན་གྱི་གོང་ཞུས་རྡུལ་ཕྲན་ཉིང་ཁུ་བསྔོགས་འདོན་ལས་འཆར་སྐོར་གནས་ཚུལ་ཕྱིར་བཏོན་བྱུང་བའི་རྗེས་ ཨ་རིའི་སྲིད་འཛིན་ཕོ་བྲང་གི་མགྲིན་ཚབ་པས་གསུངས་ན་ཨི་རན་གྱིས་རྡུལ་ཕྲན་གྱི་ཉིང་ཁུ་བསྔོགས་འདོན་བྱེད་ཡས་ཀྱི་བཟོ་གྲྭ་གསར་བཙུགས་བྱ་རྒྱུའི་འཆར་གཞི་དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ཡོད་ལས་དོན་ཁག་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་པ་དང་དེའི་ཐོག་ནས་ཨི་རན་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱབ་འགལ་གྱི་རང་ཤེད་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་བསམ་ཚུལ་དེ་གསལ་པོར་ཤེས་རྟོགས་ཐུབ་རྒྱུ་ཡིན་ལུགས་གསུངས་ཡོད་པ་དང་དེ་བཞིན་དབྱིན་ཇི་དང་ཇར་མན་སོགས་ཡུལ་གྲུ་ཁག་གིས་ཀྱང་ ཨི་རན་གྱི་གོང་ཞུས་བྱ་སྤྱོད་དེ་རིགས་ཐོག་ཐུགས་འཚབ་ཡོད་པའི་སྐོར་རྣམ་འགྱུར་བཏོན་གནང་ཡོད་པ་རེད་ ཡིན་ནའི་ཕྱི་ཚེས་༣༠ཉིན་ཨི་རན་གྱི་སྲིད་འཛིན་གཞོན་པ་ཨ་ལི་ཨཀ་སྦར་ས་ལེ་ཧི་ནས་ཨི་རན་གྱིས་རྡུལ་ཕྲན་ཉིང་ཁུ་བསྔོགས་འདོན་བྱེད་ཡས་དེ་ཞི་བའི་ལས་གཞིའི་ཐོག་བེད་སྤྱོད་བྱེད་ཡས་ཤིག་ཡིན་ལུགས་དང་ཡིན་ནའང་ཨི་རན་གྱིས་རྡུལ་ཕྲན་གྱི་ཉིང་ཁུ་བསྔོགས་འདོན་བྱས་ནས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པའི་ནུབ་ཕྱོགས་ཡུལ་གྲུས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དེ་ནི་འཁྲུག་རྐྱེན་བཟོ་ཡས་ཤིག་ཡིན་ལུགས་ཨི་རན་གྱི་གཞུང་འབྲེལ་རླུང་འཕྲིན་བརྒྱུད་ནས་ལན་འདེབས་བྱས་ཡོད་པ་རེད་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org