༧གོང་ས་མཆོག་གི་མཚན་ཐོག་ཏུ་གཙུག་ལག་སློབ་གྲྭའི་ཕྱག་འཁྱེར།
༧གོང་ས་མཆོག་གི་མཚན་ཐོག་ཏུ་ཨིན་རྡི་ར་གན་རྡིའི་མཚན་ཐོགས་པའི་གཙུག་ལག་སློབ་གྲྭའི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་འཆར།
-
2011-08-27 -
-
-
༄༅༎ད་ལོ་སྤྱི་ལོ་༢༠༡༡་ལོའི་སྤྱི་ཟླ་༩་ཚེས་༥་ཉིན་རྒྱ་གར་གྱི་སྲིད་བློན་དམ་པ་ཨིན་རྡི་ར་གན་རྡིའི་མཚན་ཐོགས་པའི་Indira Gandhi National Open Universityཞེས་པའི་གཙུག་ལག་སློབ་གྲྭ་དེའི་ སྐབས་༢༤་པའི་སློབ་གྲྭའི་ཚོགས་འཛོམས་སར་༧གོང་ས་༧་སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་གཙུག་ལག་སློབ་གྲྭའི་ཕྱག་འཁྱེར་ཞིག་འབུལ་བཞེས་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་སློབ་གྲྭའི་དྲྭ་རྒྱའི་ནང་དུའང་འཁོད་ཡོད་པའི་སྐོར། ༧གོང་ས་མཆོག་གི་སྐུ་སྒེར་ཟུང་དྲུང་སྟག་ལྷ་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་འགྲེལ་བརྗོད་གནང་ཡོད་པ་རེད།
གོང་གསལ་ཨིན་རྡི་ར་གན་རྡིའི་གཙུག་ལག་སློབ་གྲྭའི་ཚོགས་འཛོམས་མཛད་སྒོའི་སར་སློབ་ཐོན་ཕྱག་འཁྱེར་ལེན་མཁན་སློབ་ཕྲུག་༡༠༤༡༦༨ཙམ་ཡོད་པ་དང་སྐུ་མགྲོན་གཙོ་བོའི་གྲས་གདན་ཞུ་ཕུལ་བའི་གྲལ་དུ་རྒྱ་གར་གྱི་འགྲོ་བ་མིའི་ནུས་ཤུགས་དང་འཛུགས་བསྐྲུན་ལས་གཞིའི་བློན་ཆེན་པུ་རན་རྡེསི་ལྦ་རི་དང་དེ་བཞིན་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཨ་ཧ་མེརྡ་སོགས་ལ་གདན་ཞུ་ཕུལ་ཡོད་པ་སོགས་ཀྱི་གནས་ཚུལ་འཁོད་བཞག།