རྒྱ་གར་དང་པ་ཀིསྟན་འབྲེལ་བ་བཟང་དུ་གཏོང་རྒྱུའི་མཛད་འགན།
རྒྱ་གར་གྱི་སྲིད་བློན་གྱིས་པ་ཀིསྟན་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་ནི་ཁོང་གི་མཛད་འགན་གཙོ་བོ་ཞིག་ཡིན་ལུགས་གསུངས་གནང་འདུག
-
2011-04-17 -
-
-
༄༅༎རྒྱ་གར་གྱི་སྲིད་བློན་གྱིས་ཁྱིམ་མཚེས་པ་ཀིསྟན་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུ་ནི་ཁོང་གི་མཛད་འགན་གཙོ་བོ་ཞིག་ཡིན་ལུགས་གསུངས་གནང་འདུག
ཕྱི་ལོ་༢༠༠༨ལོར་པ་ཀིསྟན་གྱི་དྲག་སྤྱོད་པས་རྒྱ་གར་གྱི་གྲོང་ཁྱེར་ཆེན་མོ་མུམ་སྦའི་ནང་དྲག་རྒོལ་གྱིས་ཡུལ་མི་༡༦༦རྐྱེན་ལམ་བཏང་བའི་རྗེས་སུ་ཡུལ་གཉིས་ཀྱི་གཞུང་འབྲེལ་ཆད་པ་དེ་བསྐྱར་གསོའི་ཆེད་ད་ཆ་ཕྱོགས་གཉིས་ཀས་འབད་བརྩོན་གནང་བཞིན་པ་ལྟར་ རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་ ཀ་ཛཀྶེཐན་ལ་གཟིགས་སྐོར་ཆེད་ཕྱོགས་བསྐྱོད་སྐབས་ གལ་སྲིད་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་བསྐྱར་གསོ་བྱུང་བ་ཡིན་ན་ ངའི་ལས་འགན་འགྲུབ་པར་ངོ་འཛིན་བྱེད་ཆོག་གི་རེད་ཅེས་གསུངས་ཡོད་པ་ པེརེསེ་ཁྲ་སེ་ ཨོཕ་ ཨིནྜི་ཡ་(Press Trust of India) ཞེས་པ་ལུང་འདྲེན་བྱས་འདུག ཟླ་བ་སྔོན་མ་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་པ་ཀིསྟན་གྱི་སྲིད་བློན་ཡུ་སུཕ་ར་ཛ་གི་ལ་ནི་(Yousuf Raza Gilani)མཆོག་རྒྱ་གར་གནང་ཡུལ་གཉིས་དབར་ཀིརི་ཀེཊི་(Cricket)རྩེད་འགྲན་གྱི་གཟིགས་སྐོར་གདན་ཞུ་གནང་བ་དེ་རྩེད་འགྲན་གྱི་ཆབ་སྲིད་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད།།