རྒྱ་གར་དུ་བཙོན་པས་ཡོ་ག་ལུས་སྦྱོང་གི་ཕན་རླབས།

རྒྱ་ནག་ནང་བཙོན་པ་ཚོས་སྒོམ་སྒྲུབ་སྦྱོང་བརྡར་ནང་སློབ་ཞུགས་ཀྱི་མིང་གཞུང་ཐོ་བཀོད་བྱས་ཚེ་བཙོན་ཁང་ནས་གློད་འགྲོལ་སྔ་སྣུར་ཐོབ་རྒྱུ།

༄༅༎ཡོ་ག་འམ་སྒོམ་སྒྲུབ་ཉམས་ལེན་ཐོག་ནས་བཟོད་སྒོམ་དང་ཁོང་ཁྲོའི་རང་བཞིན་གྱི་གཤིས་རྒྱུད་ལྷིང་འཇགས་ཐུབས་པའི་ཕན་རླབས་ལ་བརྟེན་རྒྱ་གར་གྱི་མ་རྡི་ཡ་པར་རྡེཤ་མངའ་སྡེའི་བཙོན་ཁང་ནང་བཙོན་པ་ཚོས་ཡོ་ག་འམ་སྒོམ་སྒྲུབ་སྦྱོང་བརྡར་ནང་སློབ་ཞུགས་ཀྱི་མིང་གཞུང་ཐོ་བཀོད་བྱས་ཚེ་བཙོན་ཁང་ནས་གློད་འགྲོལ་སྔ་སྣུར་ཐོབ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

དེ་ཡང་གོང་གསལ་རྒྱ་གར་གྱི་མ་རྡི་ཡ་པར་རྡེཤ་མངའ་སྡེའི་བཙོན་ཁང་གི་སྤྱི་ཁྱབ་འགན་འཛིན་སན་ཇེ་མ་ནེ་ཡིས་ཕེརན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་དོན་དུ་ཡོ་ག་འམ་སྒོམ་སྒྲུབ་ཉམས་ལེན་བྱས་པ་བརྒྱུད་ལུས་ཁམས་བདེ་ཐང་དང་ཁོང་ཁྲོ་དང་སྤྱོད་ཚུལ་ངན་པ་གཞི་ལྷིང་གཏོང་བ་་དེ་བཞིན་ནང་སེམས་ལ་ཞི་བདེ་བསྐྲུན་རྒྱུའི་ཕན་ནུས་ཆེན་པོ་ཡོད་པ་རེད་ རྒྱུ་མཚན་དེ་དག་ལ་བརྟེན་ནས་མངའ་སྡེ་དེའི་བཙོན་ཁང་ཁག་ནང་བཙོན་པ་ཚོས་དུས་ཡུན་ཟླ་བ་གསུམ་རིང་ཡོ་ག་དང་རྩ་རླུང་སྒོམ་སྒྲུབ་ལ་སོགས་པའི་ལུས་སེམས་གཉིས་ཀར་ཕན་རླབས་ཆེ་བའི་ལུས་རྩལ་སྦྱོང་བརྡར་དང་སྒོམ་སྒྲུབ་ཉམས་ལེན་བྱས་ཚེ་བཙོན་དུས་ཀྱི་དུས་ཡུན་ནས་ཉིན་གྲངས་༡༥ཆག་ཡང་ཐོབ་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་འདུག གཞན་ཡང་བཙོན་པ་ཚོས་སྤྱོད་ཚུལ་ཡར་རྒྱས་ལ་དམིགས་ཏེ་བཅོས་བསྒྱུར་གྱི་ལས་འཆར་ནང་ལུས་རྩལ་དང་སྒོམ་སྒྲུབ་ཉམས་ལེན་བྱས་ཏེ་བཙོན་དུས་ཉུང་དུ་གཏོང་རྒྱུའི་ཁར་གལ་སྲིད་བཙོན་པ་ཚོས་བཙོན་ཁང་ནང་རྩོམ་བྲིས་ཀྱི་འཛིན་གྲ་ལེན་པ་དང་ཡང་ནང་བཙོན་ཁང་ནང་མཐོ་རིམ་སློབ་གཉེར་འཐུས་ཚང་གི་ལག་ཁྱེར་ཐོབ་ཚེ་དེ་མཚུངས་བཙོན་དུས་སྔ་སྣུར་ཐོབ་རྒྱུ་ཡིན་པ་རེད་འདུག རྒྱ་གར་ མ་རྡི་ཡ་པར་རྡེཤ་མངའ་སྡེའི་བཙོན་ཁང་ནས་བཅོས་བསྒྱུར་གྱི་ལས་འཆར་འདིའི་ཐོག་གྲོང་ཁྱེར་ག་ལྦ་ལི་ཨོར་ནང་ཡོད་པའི་བཙོན་ཁང་ནང་བཙོན་པ་གྲངས་༤༠༠ལྷག་གི་སྒོམ་སྒྲུབ་ཉམས་ལེན་དང་ཡང་ན་བསླབ་པ་སློབ་གཉེར་བྱེད་རྒྱུའི་མིང་གཞུང་ཐོ་བཀོད་བྱས་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org