རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ཟས་བཅད་ངོ་རྒོལ་མུ་མཐུད།

སྐུ་ཞབས་ཧ་ཛ་རེ་ཡིས་ལྐོག་ཟ་རུལ་སུངས་བཀག་འདོམས་ཀྱི་ཁྲིམས་གཞི་ཚད་ལྡན་ཆེད་རང་སྲོག་འདོར་དགོས་བྱུང་རུང་བློ་འགྱོད་མེད་ལུགས།

༄༅༎རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཨ་ན་ཧ་ཛ་རེ་གྱིས་ད་ཕན་ཟས་བཅད་ངོ་རྒོལ་ཉིན་གྲངས་དགུ་པ་དེ་གནང་བཞིན་ཡོད་པ་ལྟར་ཁོང་གིས་གསུང་ན་གལ་ཆེ་རྒྱ་གར་གཞུང་གིས།

ལྐོག་ཟ་རུལ་སུངས་བཀག་འདོམས་ཀྱི་ཁྲིམས་གཞི་ཚད་ལྡན་ཞིག་ཕྱག་བཞེས་མ་བསྟར་བར།་ དེའི་ཆེད་དུ་རང་སྲོག་འདོར་དགོས་བྱུང་རུང་བློ་འགྱོད་མེད་ཅེས་གསུང་ཡོད་པ་རེད། ད་ཆ་རྒྱ་གར་གྱི་སྲིད་བློན་མན་མུ་ཧན་སིང་མཆོིག་གི་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེའི་ཆེད་དུ་གྲོས་ཚོགས་ནང་དཀའ་རྙོག་འདི་སེལ་རྒྱུའི་དུས་ཚོད་ནི། མཐར་ཐུག་གི་ཡོད་པ་དེའང་ཟས་བཅད་ངོ་རྒོལ་གནང་ཨན་ཧ་ཛཱ་རིའི་སྐུ་གཟུགས་ཀྱི་གནས་སྟངས་ཇི་ཞན་ཇི་སྡུག་ཏུ་འགྲོ་བཞིན་པ་དང་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མི་མང་སྟོང་ཚོ་མང་པོ་རྒྱལ་ས་ལྡི་ལིའི་རམ་ལི་ལ་ཐང་ཆེན་ཐོག་ཁོང་གི་དགོས་འདུན་དེར་མཉམ་དུ་རོགས་སྐྱོར་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

ཧ་ཛཱ་རི་ཡིས་གསུང་ན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མེད་པ་བཟོ་རྒྱུའི་ཆེད་དུ་རྒྱ་གར་ནང་སྤྱི་ལོ་༡༩༧༠ནང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་རུང་དེར་གཞུང་གིས་ཕྱག་བཞེས་རྒྱ་ནོམ་པ་ཞིག་ཕྱག་བསྟར་གནང་མི་ཐུབ་པར་བརྟེན། ད་ཆ་གཞུང་གིས། གྲོས་ཚོགས་ནང་གནད་དོན་དེའི་ཐད་བཀའ་བསྡུར་ཐག་གཅོད་ཅིག་མ་བྱུང་བར་ཟས་བཅད་ངོ་རྒོལ་འདི་ནས་ཕྱིར་འཐེན་ཞུ་ཐབས་མེད་ལུགས་ནན་བཤད་གནང་ཡོད་པའི་གནས་ཚུལ་ཐོན་བཞག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org