ལྐོག་ས་མེད་པ་བཟོ་ཆེད་བསྐྱར་དུ་ཟས་བཅད་ངོ་རྒོལ།

རྒྱ་གར་ནང་དོན་གཉེར་བ་ཡོངས་གྲགས་ཅན་ཨ་ན་ཧ་ཛ་རེ་ཡིས་ཉིན་གཅིག་རིང་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་ཡོད་འདུག

༄༅༎རྒྱ་གར་ནང་དོན་གཉེར་བ་ཡོངས་གྲགས་ཅན་ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐད་གཞུང་གིས་འགན་ཁུར་ཆེ་ཙམ་བཞེས་དགོས་ལུགས་བརྗོད་དེ་ཉིན་གཅིག་རིང་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་གནང་ཡོད་འདུག
ཟླ་བ་བཞིའི་གོང་ཨ་ན་ཧ་ཛ་རེ་ཡིས་ཉིན་བཅུ་གཉིས་རང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་གནང་བ་དེར་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱབ་སྐྱོར་ཧ་ཅང་ཆེན་པོ་བྱས་ནས་ལྐོག་དངུལ་མ་སྤྲད་པར་ཆུང་སར་ཕྲུག་གུ་སྐྱེས་པའི་ལག་ཁྱེར་ཡིག་མཁོ་གྲུབ་བྱ་རྒྱུ་ནས་ཆེ་སར་རྒྱལ་ཁབ་འཛུགས་སྐྲུན་གྱི་ལས་གཞི་འགྲུབ་མི་ཐུབ་པའི་དཀའ་རྙོག་ཐེར་བཏོན་་བྱས་པ་རེད། རེས་གཟའ་ཉི་མའི་ཉིན་ཁོང་ལྷི་ལིར་ཕྱིར་ལོག་གིས་ཉིན་གཅིག་གི་ཟས་བཅད་ངོ་རྒོལ་གནང་དགོས་དོན་ནི། གཞུང་གིས་ལྐོ་ཟ་རུལ་སྲུངས་བཀག་སྡོམ་ཆེད་ཁྲིམས་གཞི་གཏན་འབེབས་གནང་བ་དེ་ཆེས་མཐོའི་དཔོན་རིགས་ཚོར་ཁྱབ་ཀྱི་མེད་སྟབས་ཁྲིམས་གཞི་དེ་ཁ་ནང་སོ་མེད་པ་ལྟར་ནུས་མེད་དུ་གྱུར་ཡོད་ལུགས་སྐྱོན་བརྗོད་གནང་ཡོད་འདུག། གཞུང་གིས་ང་ཚོ་ཙམ་ཡིན་པར་རྒྱལ་ཁབ་ཡོངས་རྫོགས་མགོ་སྐོར་བཏང་ཡོད་པས་ ང་ཚོས་ཁྲིམས་གཞི་དེར་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་གསུངས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org