རྒྱ་གར་གཞུང་ནས་གནམ་ཐང་གི་སྲུང་སྐྱོབ་དམ་དུ་གཏོང་འཆར།

རྒྱ་གར་གཞུང་གིས་ཡུལ་གྱི་གནམ་ཐང་ཁག་གི་སྲུང་སྐྱོབ་ཀྱི་ལས་དོན་དམ་དུ་གཏོང་དགོས་པའི་བཀོད་མངགས་གནང་ཡོད་པ་རེད་

༄༅༎རྒྱ་གར་གཞུང་གིས་ཡུལ་གྱི་གནམ་ཐང་ཁག་གི་སྲུང་སྐྱོབ་ཀྱི་ལས་དོན་དམ་དུ་གཏོང་དགོས་པའི་བཀོད་མངགས་གནང་ཡོད་པ་རེད་

རྒྱ་གར་གཞུང་གིས་ནུབ་ཕྱོགས་ཡུལ་ཁག་གི་གསང་བའི་སྒྲིག་འཛུགས་ཁག་གིས་རྒྱ་གར་ལ་གནམ་ཐོག་ནས་ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་ཤོག་ཁག་གིས་གཏོར་རྒོལ་གཏོང་བའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་རྗེས་ཡུལ་གྱི་གནམ་ཐང་ཁག་གི་སྲུང་བྱ་དམ་དུ་གཏོང་དགོས་པའི་བཀོད་མངགས་གནང་ཡོད་པ་རེད་

གོང་ཞུས་གནམ་ཐོག་གི་ཉེན་ཁ་དེ་རྒྱ་གར་གཞུང་གིས་གཉེར་བའི་ཕྱི་རྒྱལ་ལ་བསྐྱོད་མཁན་ཨེར་ཨིན་ཌི་ཡ་འགྲིམ་འགྲུལ་ལས་ཁང་གི་གནམ་གྲུ་ཁག་དང་རྒྱལ་ནང་གི་གནམ་གྲུ་ཁག་ལ་ཁ་ཆེའི་ཨེལ་ཁེ་ཌ་དང་ལཤི་ཀར་ཨེ་ཏའེ་སྦ་དྲག་སྤྱོད་ཀྱི་སྒྲིག་འཛུགས་དེ་གཉིས་ཀྱིས་གཏོར་རྒོལ་གྱི་ཉེན་ཁ་དེ་ཡོད་པ་རེད་ རྒྱ་གར་ནང་སྲིད་ལྷན་ཁང་གི་སྲུང་སྐྱོབ་དཔོན་རིགས་སྐུ་ཞབས་ཡུ་ཀེ་སྦན་སལ་ཡིས་རྒྱ་གར་གྱི་གནམ་གྲུ་བཙན་འཁྲིད་བྱས་པའི་ཉེན་ཁ་ཡོད་པའི་གསང་བའི་བརྡ་ལེན་འབྱོར་བྱུང་ དེ་འདྲ་སོང་ཙང་ང་ཚོས་མཁའ་ལམ་འགྲུལ་བསྐྱེལ་ལས་ཁང་དང་མཁའ་ལམ་འགྲུལ་བསྐྱེལ་སྲུང་སྐྱོབས་ལས་ཁང་གཉིས་ནས་དོགས་ཟོན་བྱེད་དགོས་པའི་བཀོད་མངགས་བྱས་པ་ཡིན་ཞེས་སྐུ་ཞབས་སྦལ་སལ་ཡིས་གསུངས་འདུག ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་པའི་གཏོར་རྒོལ་གྱི་ཉེན་ཁ་དེ་རྒྱ་གར་གྱི་ཁྱིམ་མཚེས་ཡུལ་གྲུ་བལ་ཡུལ་དང་འབྲུག་ཡུལ་ སྦང་ལ་རྡེཤ་ ཤྲི་ལང་ཀ་ དང་འབར་མ་བཅས་ནས་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org