རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་ཚོད་བལྟ་བྱས་པ།

རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་གསར་པ་ཞིག་སྦེང་གོལ་མཚོ་ཁའི་ནང་ཡོད་པའི་མཚོ་དམག་གི་གྲུ་གཟིངས་ཤིག་ནས་ཚོད་བལྟ་བྱས་ཡོད་འདུག

༄༅༎རྒྱ་གར་གྱིས་མེ་ཤུགས་འཕུར་མདེལ་གསར་པ་ཞིག་བསྐྱར་དུ་ཚོད་བལྟ་བྱས་ཡོད་འདུག ལྡི་ལི་གསར་པ་ནས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱིས་སྲོལ་རྒྱུན་དང་རྡུལ་ཕྲན་གོ་མཚོན་གཉིས་འཁྱེར་ཐུབ་པའི་མེ་ཤུགས་འཕུར་མདེལ་རྡ་ནུཤེ་ཞེས་པ་ཤར་ཕྱོགས་ཨོ་རི་ས་མངའ་སྡེ་ནས་ཀི་ལོ་མི་ཊར་གསུམ་བཅུའི་སར་སྦེང་གོལ་མཚོ་ཁའི་ནང་ཡོད་པའི་མཚོ་དམག་གི་གྲུ་གཟིངས་ཤིག་ནས་ཚོད་བལྟ་བྱས་ཡོད་འདུག རྒྱང་ཚད་ཀི་ལོ་མི་ཊར་༣༥༠འཕུར་ཐུབ་པའི་མེ་ཤུགས་འཕུར་མདེལ་དེ་རིགས་ཀྱི་ཚོད་བལྟ་ཐེངས་དང་པོ་ཕྱི་ལོ་ཉིས་སྟོང་གཉིས་དང་ཉིས་སྟོང་བདུན་གཉིས་ལ་བྱས་ཡོད་རེད་ རྒྱ་གར་གྱིས་སྲུང་སྐྱོབ་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་ཆེད་དུ་དེ་སྔ་ནས་རྒྱང་ཚད་འཐུང་བའི་མེ་ཤུགས་འཕུར་མདེལ་པིརིཐ་ལྦི་དང་རྒྱང་ཚད་འབྲིང་བའི་མེ་ཤུགས་འཕུར་མདེལ་ཨག་ནི་དང་ཨ་ཀཤེ་དང་དེ་བཞིན་ལྕག་ཁྲབ་གཏོར་བཤིག་གཏོང་ཆེད་ནཱག་དང་སྒྲ་ལས་མགྱོགས་པ་སྦ་ར་མོསེ་སོགས་ཚོད་བལྟ་ལན་མང་བྱས་ཡོད་རེད་ རྒྱ་གར་གྱི་མེ་ཤུགས་འཕུར་མདེལ་ཕལ་མོ་ཆེ་ཁྱིམ་མཚེས་པ་ཀི་སི་ཐན་ནས་དྲག་རྒོལ་སྔོན་འགོག་ཆེད་བཟོས་པ་ཤ་ཏག་ཡིན་པ་རེད། ཡུལ་གཉིས་ཀས་ཚོད་བལྟ་དེ་རིགས་སྔོན་ཚུད་ནས་བརྡ་ལེན་སྤྲོད་སྲོལ་ཡོད་པར་བརྟེན་ཐེངས་འདིའི་ཚོད་བལྟས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་གནོད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org