རྒྱ་གར་དང་པ་ཀི་སི་ཏན་དབར་འབྲེལ་མོལ་གནང་འཆར།

རྒྱ་གར་དང་པ་ཀི་སི་ཏན་གཉིས་ཀྱི་ཕྱི་སྲིད་དྲུང་ཆེའི་དབར་གྱི་གྲོས་མོལ་ལས་འཆར་དེ་འགྱུར་བ་མེད་པར་འཆར་གཞི་ལྟར་གོ་སྒྲིག་གནང་རྒྱུ།

༄༅༎རེས་གཟའ་སྤེན་པའི་ཉིན་དྲག་སྤྱོད་པས་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་ནང་དྲག་ལས་སྤེལ་ཏེ་མི་དགུ་ཙམ་གྱི་ཚེ་སྲོག་བཅད་པའི་དོན་རྐྱེན་བྱུས་མིན་ལ་མ་ལྟོས་པར་རྒྱ་གར་གཞུང་གིས་ཕྱི་སྲིད་དྲུང་ཆེའི་དབར་གྱི་གྲོས་མོལ་ལས་འཆར་དེ་འགྱུར་བ་མེད་པར་འཆར་གཞི་ལྟར་གོ་སྒྲིག་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད་

རྒྱ་གར་གཞུང་དང་པཀིསི་ཏན་གཉིས་ཀྱི་དབར་ཞི་འགྲིག་ཐུབ་ཕྱིར་གྲོས་མོལ་ལ་ཞུགས་ཏེ་ཡོད་ནའང་ཕྱི་ལོ་༢༠༠༨ཀྱི་ཕྱི་ཟླ་༡༡་པའི་ནང་ པཀིསི་ཏན་ནས་ཡིན་པའི་དྲག་སྤྱོད་ཚོགས་མི་ཁག་ཅིག་གིས་རྒྱ་གར་གྱི་ཚོང་འབྲེལ་ལྟེ་གནས་གྲོང་ཁྱེར་ཆེན་པོ་མུམ་སྦའེ་ནང་དྲག་རྒོལ་གྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ཏེ་མང་ཚོགས་༡༦༦ཙམ་སྲོག་སྐྱོན་བཏང་བའི་ཚབས་ཆེ་དོན་རྐྱེན་གྱི་རྗེས་རྒྱ་གར་གཞུང་གིས་པཀིསི་ཏན་གྱི་ལྷན་ གྲོས་མོལ་གྱི་ལས་འཆར་ཡོངས་རྫོགས་མཚམས་འཇོག་གནང་ཡོད་པ་དང་ ཡིན་ནའི་ད་རེས་ཉེ་དུས་རྒྱ་གར་གཞུང་གིས་པཀིསི་ཏན་གྱི་ལྷན་འབྲེལ་ལམ་ཡར་རྒྱས་གཏོང་ཕྱིར་ཞི་འགྲིག་གི་ལས་འཆར་འབྲེལ་འཐུད་ཆད་པ་དེ་སྐྱར་གསོ་གནང་འདོད་ཡོད་པ་དང་ གྲོས་མོལ་ལས་འཆར་སླར་གསོའི་ཆེད་ཟླ་བ་འདིའི་ཕྱི་ཚེས་༢༥ཉིན་ཡུལ་གཉིས་ཀྱི་ཕྱི་སྲིད་དྲུང་ཆེའི་དབར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གྲོས་མོལ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད་

དེ་ལྟར་ཡང་ད་རེས་གཟའ་མཇུག་རེས་གཟའ་སྤེན་པའི་ཉིན་ཁ་ཆེའི་དྲག་སྤྱོད་པ་ཡིན་པ་དོགས་གཞི་བྱས་པའི་དྲག་སྤྱོད་པས་སླར་ཡང་ད་རེས་རྒྱ་གར་གྱི་པུ་ནེ་གྲོང་ཁྱེར་ནང་དྲག་ལས་སྤེལ་ཏེ་རྒྱ་གར་གཞུང་ལ་དཀའ་ངལ་བཟོ་བཞིན་པར་བརྟེན་རྒྱ་གར་ནང་ཁག་ཅིག་གིས་རྒྱ་གར་གཞུང་ལ་པཀིསི་ཏན་གྱི་ལྷན་ཞི་འགྲིག་གི་གྲོས་མོལ་ཞུ་རྒྱུའི་ལས་འཆར་དེ་ཕྱིར་འཐེན་དགོས་ལུགས་གསུངས་ཀྱི་ཡོད་པ་དང་ཡིན་ནའི་རྒྱ་གར་གཞུང་གིས་གནད་དོན་དེ་ལྟ་བུར་ལམ་སང་རལ་གྲི་གནམ་དབྱུགས་ཀྱི་གྲོས་མོལ་ལས་དོན་མཚམས་འཇོག་གི་ཐག་བཅོད་དེ་འདྲ་གང་ཡང་གནང་འཆར་མེད་སྐོར་གསུངས་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org