པ་ཀིསྟན་ནས་འཇིགས་སྐུལ་བར་དམ་བསྒྲགས་བྱེད་དགོས་པ།
རྒྱ་གར་གྱིས་པ་ཀི་སྟན་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་ཐོག་དམ་བསྒྲགས་བྱེད་ཀྱི་མེད་ལུགས་སླར་ཡང་སྐྱོན་བརྗོད་བྱེད་ཡོད་འདུག
-
2011-01-27 -
-
-
༄༅༎ད་རིང་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་མཆོག་ནས་ཨཕ་ག་ནི་སྟན་ནང་། གསར་འགོད་པ་ཁག་ཅིག་གི་བཅར་འདྲི་དང་ལན་སྐབས། པ་ཀི་སྟན་མི་མང་ཚོ་ཞི་བདེ་ལྷིང་འཇགས་ངང་གནས་སྡོད་ཡོད་ཀྱང་ཡང་སེ་འཇིགས་སྐུལ་དྲག་སྤྱོད་པ་ཚོས་གཏོར་རྒོལ་བཏང་ནས་མི་རྒྱུ་གཉིས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་རེད། ཡིན་ནའང་དཀའ་རྙོག་དེ་ནི་པ་ཀི་སྟན་རང་ཉིད་ཀྱི་བཟོས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག་པ་རེད། དེ་དག་རྩ་བ་ནས་མེད་པ་བཟོ་རྒྱུའི་ཚབ་ཏུ་དེ་དག་ལ་མཐུན་འགྱུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཆ་ནས་དཀའ་རྙོག་དེ་འཕྲད་ཀྱི་ཡོད་རེད།
ད་རེས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་མཆོག་ནས་གསུངས་པའི་གནད་དོན་དེ་ནི་བདུན་ཕྲག་རྗེས་མ་རྒྱ་གར་དང་པ་ཀི་སྟན་གྱི་གཙོས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་དྲུག་གི་ཕྱི་སྲིད་དྲུང་ཆེ་རྣམ་པའི་ལྷན་ཚོགས་འབྲུག་གི་རྒྱལ་ས་ཐིམ་བུའི་ནང་མ་ཚོགས་པའི་སྔོན་ཚུད་ནས་བརྡ་ལན་སྤྲད་པ་ཞིག་ཡིན་པ་རེད།