རྒྱ་གར་དུ་མེ་སྐྱོན་འོག་མི་གྲངས་༩༠འདས་གྲོངས་སུ་གྱུར་བ།
རྒྱ་གར་གྱི་གྲོང་ཁྱེར་ཀོ་ལི་ཀོ་ཏའི་སྨན་ཁང་ཞིག་ཏུ་མེ་བཤོར་བའི་དོན་རྐྱེན་གྱི་འོག་ད་བར་མི་གྲངས་༩༠ཙམ་འདས་གྲོངས་སུ་ཕྱིན་ཡོད་པ།
-
2011-12-10 -
-
-
༄༅༎རྒྱ་གར་གྱི་གྲོང་ཁྱེར་ཀོ་ལི་ཀོ་ཏའི་སྨན་ཁང་ཞིག་ཏུ་མེ་བཤོར་བའི་དོན་རྐྱེན་གྱི་འོག་ད་བར་མི་གྲངས་ ༩༠ ཙམ་འདས་གྲོངས་སུ་ཕྱིན་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་ཅིང་། ཉེན་རྟོག་པས་གནད་དོན་འདིའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་འདུག།
སྨན་ཁང་དེའི་ནང་གཟའ་པ་སངས་ཀྱི་མཐོ་རེངས་འོག་ཁང་གི་ནང་ནས་མེ་སྐྱོན་བྱུང་སྐབས། དེ་མ་ཐག་མེ་བསད་མ་ཐུབ་པར་དུས་ཚོད་ཐུང་ངུ་ཞིག་གི་ནང་ཐོགས་བརྩེགས་གཞན་དུ་མེ་ཁྱབ་སྟེ་ ནད་པ་མང་པོ་བྲོས་མ་ཐུབ་པ་ཆགས་པ་དང་། མེ་གསོད་རུ་ཁག་གི་མི་ཚོས་སྨན་ཁང་གི་སྒེའུ་ཁུང་གི་ཤེལ་སྒོ་བཅག་སྟེ་ ནད་པ་གང་མཚམས་ཞིག་ཐག་འཐེན་བྱས་སྟེ་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་ཡོད་ན་ཡང་ནད་པ་མང་ཆེ་བ་འདས་གྲོངས་སུ་ཕྱིན་ཡོད་འདུག།