རྒྱ་གར་ནང་དཔལ་འབྱོར་བསྒྱུར་བཅོས་བཏང་ལོ་༢༠འཁོར།

རྒྱ་གར་ནང་དཔལ་འབྱོར་གྱི་ལམ་ལུགས་འགྱུར་བ་བཏང་ནས་ལོ་ཉི་ཤུ་འཁོར་བའི་དུས་ཚིགས་སྲུང་བརྩི་ཞུ་ཡི་ཡོད་འདུག

༄༅༎ཕྱི་ལོ་༡༩༩༡ཕྱི་བདུན་པའི་ཚེས་༢༤ཉིན་སྐབས་དེའི་དཔལ་འབྱོར་བློན་ཆེན་མན་མོ་ཧན་སིང་ཡིས་གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་སྔོན་རྩིས་འཆར་གཞི་བཏོན་སྐབས་ད་ནས་བཟུང་རྒྱ་གར་གཉིད་བསད་ཡོད་ཀུན་གྱིས་དོ་སྣང་བགྱིས་ཤིག་ཞེས་འཛམ་གླིང་ཡོངས་སུ་གསལ་བསྒྲགས་གནང་བ་རེད། སྐབས་དེར་རྒྱ་གར་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་ཡིན་ན་ཟ་འབྲུ་དང་སྣུམ་རིན་བདུན་ཕྲག་གཉིས་ལྷག་མ་འདང་པའི་དཀའ་ངལ་ནང་ལྷུངས་ཡོད་པར་བརྟེན་ཁོང་གིས་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཆེད་ཨིན་ཡུལ་དུ་གསེར་ཀྲོན་༤༧མ་རྩ་མ་གསོག་འཇོག་གནང་བ་རེད། འཛམ་གླིང་དངུལ་ཁང་ཆེན་མོའི་དཔལ་འབྱོར་སློབ་སྟོན་པ་ཟུར་པ་ཡིན་པའི་ཆ་ནས་མན་མོ་ཧན་སིང་གིས་དེ་སྔའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལ་འགྱུར་བ་བཏང་ནས་རིམ་པས་མ་རྩའི་རིང་ལུགས་ཁ་ཕྱོགས་བསྒྱུར་ནས་ད་རིང་བར་ལོ་ཉི་ཤུ་འཁོར་བ་རེད། ཁོང་གིས་བློ་སྟོབས་ཆེན་པོའི་ཐོག་དེ་སྔ་ཨིན་ཇིའི་མངའ་འོག་ཏུ་དར་བའི་འཁྲལ་བསྡུར་ལེགས་བཅོས་ཀྱིས་ཕྱི་རྒྱལ་ནས་མ་རྩ་འཛུགས་ཕྱོགས་དང་ད་བར་གཞུང་འཛིན་བཟོ་ལས་ཁང་རྣམས་རིམ་པས་སྒེར་བདག་སོགས་ཀྱི་ལམ་ནས་རྒྱ་གར་གྱི་སྒོ་མོ་ཕྱི་བ་ལྟ་བུར་གྱུར་ནས་ད་ཆ་རྒྱ་གར་སོ་ནམ་ཞིང་ལས་དང་བཟོ་ལས་ ཚན་རིག་གང་ཅིའི་ཐད་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ནས་དུས་རབས་ཉེར་གཅིག་པའི་ནང་རྒྱ་གར་སྟོབས་ཅན་རྒྱལ་ཁབ་གྲས་ཆགས་ཡོད་རེད། ད་ཆ་སྲིད་བློན་མན་མོ་ཧན་སིང་མཆོག་གི་གཞུང་འཛིན་གྱིས་ཀུན་གྱི་མིག་དཔེ་བལྟ་སར་ཆགས་ཡོད་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org