ཡུ་གུར་བ་རྒྱ་གར་ནང་བསྐྱོད་རྒྱུའི་མཐོང་མཆན་ཕྱིར་འཐེན་གནང་བ།
རྒྱ་ནག་གཞུང་གི་གནོན་ཤུགས་འོག་རྒྱ་གར་གཞུང་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོའི་མཐོང་མཆན་ཕྱིར་འཐེན་བྱས་འདུག
-
2016-04-26 -
-
-
བཞུགས་སྒར་རྡ་རམ་ས་ལར་བསྐོངས་འཚོགས་གནང་རྒྱུའི་རྒྱ་ནག་གི་མང་གཙོའི་འགྱུར་ལྡོག་སྐོར་ལ། བགྲོ་གླེང་ལྷན་ཚོགས་ཐོག་ཕྱི་སྡོད་ཡུ་གུར་འཛམ་གླིང་ལྷན་ཚོགས་ཀྱི་འགོ་ཁྲིད་Dolkum Isa་མཉམ་བཞུགས་གནང་རྒྱུར་རྒྱ་གར་གཞུང་ནས་ཁོང་ལ་འགྲིམ་འགྲུལ་གྱི་མཐོང་མཆན་visa་ཕུལ་གནང་ཡོད་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཚེས༢༥་གཟའ་ཟླ་བའི་ཉིན་ཁོང་གི་མཐོང་མཆན་VISA ཕྱིར་འཐེན་བྱས་ཡོད་འདུག
དེ་ཡང་ཨ་རིའི་ནང་རྟེན་གཞི་བྱེད་པའི་Initiatives for China་ཞེས་པ་དེ་སྔ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་སློབ་ཕྲུག་གི་འགོ་ཁྲིད་གྲས་རྒྱ་རིག་Yang Jiangli་ཞུ་བས་སྣེ་ཁྲིད་བྱས་པའི་དམངས་གཙོ་གོང་འཕེལ་གྱི་སྒྲིག་འཛུགས་ཞིག་གིས་གོ་བསྒྲིགས་འོག། ཟླ་བ་འདིའི་ཚེས་༢༨་ནས་ཉིན་གསུམ་རིང་བཞུགས་སྒར་དུ། བོད་རིགས་དང་། ཡུ་གུར་བ། དེ་བཞིན་ཕྱི་སྡོད་རྒྱ་རིགས་སོགས་ལྷན་འཛོམས་ཀྱི་རྒྱ་ནག་གི་དམངས་གཙོའི་འགྱུར་ལྡོག་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་འཆར་ཡོད་སྟབས་བགྲོ་གླེང་དེའི་ནང་། ཕྱི་སྡོད་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ཚོགས་གཙོ་Dolkum Isa་ཞུ་བ་མགྲོན་འབོད་གནང་ཡོད་པ་ལྟར། རྒྱ་གར་གཞུང་ནས་ཁོང་ལ་གཞུང་འབྲེལ་འགྲིལ་འགྲུལ་གྱི་མཐོང་མཆན་Visa་གནང་ཡོད་པ་རེད། འོན་ཀྱང་དེའི་ཕྱིན་ཉིན་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་ཏེ་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་Dolkun Isa་ཟེར་བ་དེ་འཇིགས་སྐུལ་དྲག་སྤྱོད་པ་ཡིན་ལུགས་ཀྱིས་རྒྱ་གར་གཞུང་ནས་ཁོང་ལ་མཐོང་མཆན་Visa་ཕུལ་བར་སྐྱོན་བརྗོད་དང་སྦྲགས་རྒྱ་གར་གཞུང་ནས་ཁོང་ལ་ཁྲིམས་བཤེར་བྱེད་པའི་འགན་འཁྲི་ཡོད་ལུགས་ནན་བརྗོད་བྱས་ཡོད་སྟབས། སྤྱི་ཚེས༢༥་རེས་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་གིས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་Dolkun Isa་རྒྱ་གར་ནང་བསྐྱོད་ཆོག་པའི་མཐོང་མཆན་Visa་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག
གསར་འགོད་པ་དབྱངས་སྒྲོལ།