རྒྱ་གར་དང་ཡོ་རོབ་སྤྱི་མཐུན་གྱི་ཚོང་འབྲེལ་གྲོས་མོལ་སྐོར།

རྒྱ་གར་དང་ཡོ་རོབ་སྤྱི་མཐུན་བར་ཚོང་འགྲེམས་བྱེད་ཆོག་གི་ཆ་རྐྱེན་དང་རྣམ་དཔྱོད་ཀྱི་བདག་དབང་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

༄༅༎བདུན་རྗེས་མ་དེར་རྒྱ་གར་དང་ཡོ་རོབ་སྤྱི་མཐུན་བར་ཚོང་འབྲེལ་གྱི་གྲོས་མཐུན་ཞིག་མ་གནང་གོང་ཕྱོགས་ཕན་ཚུན་བར་ཚོང་འགྲེམས་བྱེད་ཆོག་གི་ཆ་རྐྱེན་དང་རྣམ་དཔྱོད་ཀྱི་བདག་དབང་ཐོག་མི་མཐུན་པའི་རྒྱུ་རྐྱེན་ཁག་གི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་

ཕྱོགས་ཕན་ཚུན་བར་ཕྱི་ལོ་༢༠༠༧ལོར་འགོ་འཛུགས་གནང་བའི་ཚོང་ཁྲལ་མེད་པའི་གྲོས་མཐུན་ཞིག་བཞག་གནང་རྒྱུར་ཡོ་རོབ་སྤྱི་མཐུན་གྱིས་གྲོས་མཐུན་དེ་དང་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་རྒྱུའི་གནད་དོན་དང་ལོ་ན་མ་སོན་པའི་བུ་ཕྲུག་ཚོར་ངལ་རྩོལ་སྐུལ་རྒྱུའི་གནད་དོན་བཅས་པ་མཉམ་བསྲེས་གནང་བའི་རྐྱེན་གྱིས་ད་བར་གྲོས་མཐུན་དེ་དག་བཞག་གནང་ཐུབ་མེད་པ་རེད་            རྒྱ་གར་དང་ཡོ་རོབ་སྤྱི་མཐུན་བར་གྱི་གྲོས་མོལ་དེ་བདུན་རྗེས་མའི་རེ་གཟའ་ཟླ་བ་ཉིན་འགོ་འཛུགས་གནང་རྒྱུ་དང་ད་བར་གྲོས་མོལ་རིམ་པ་བདུན་བྱུང་བའི་ནང་བཅའ་དངོས་སོགས་ཚོང་འགྲེམས་བྱེད་རྒྱུའི་ཆ་རྐྱེན་ཐོག་གྲོས་མོལ་གནང་ཡོད་པ་རེད་

ད་ཐེངས་ཀྱི་ཡོ་རོབ་སྤྱི་མཐུན་གྱི་ཚོང་འབྲེལ་སྐུ་ཚབ་རྣམ་པའི་འགོ་འཁྲིད་ལྕམ་ཌེ་ནིཡེལ་སི་མ་ཇ་(Daniele Smadja)ཡིས་སྔ་ལོ་ཡོ་རོབ་སྤྱི་མཐུན་དང་རྒྱ་གར་གྱི་ཆེས་མཐོའི་དཔོན་རིགས་རྣམ་པའི་བར་མཇལ་མོལ་བྱུང་བ་དེས་ད་ཐེངས་ཀྱི་ཚོང་འབྲེལ་གྱི་གྲོས་མོལ་དེར་ཤུགས་རྐྱེན་ཞིག་ཐེབས་པའི་རེ་བ་དང་ཡོ་རོབ་སྤྱི་མཐུན་གྱི་ཚོང་འབྲེལ་སྤྱི་ཁྱབ་བསྐོ་བཞག་གནང་གཏན་ཟིན་པ་དེས་ཀྱང་ཕན་ཐོགས་ཡོང་རྒྱུ་ཡིན་སྐོར་གསུང་འདུག

ཡོ་རོབ་སྤྱི་མཐུན་ནི་རྒྱ་གར་གྱི་ཚོང་འབྲེལ་གནང་ཡུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་ཕྱི་ལོ་༢༠༠༧དང་༢༠༠༨ནང་རྒྱ་གར་གྱིས་ཡོ་རོབ་སྤྱི་མཐུན་ལ་ཨ་རིའི་གྲོ་ལར་འཐེར་འབུམ་༣༤དང་ཕྱེད་ཀའི་ཕྱི་ཚོང་བྱས་ཡོད་ཅིང་ཕྱི་ལོ་༢༠༡༥མཚམས་ལ་ད་ཐེངས་ཀྱི་ཚོང་ཁྲལ་མེད་པའི་གྲོས་མཐུན་དེས་ཕྱི་ཚོང་གི་དངུལ་འབབ་དེ་ཨ་རིའི་གྲོ་ལར་འཐེར་འབུམ་༢༣༧བར་འཕར་བའི་ཚོད་དཔག་གནང་གི་ཡོད་པ་རེད་          ཡིན་ནའང་གྲོས་མཐུན་དེར་རྣམ་དཔྱོད་བདག་དབང་གི་གནད་དོན་དང་སྨན་ཚོང་འགྲེམས་ཀྱི་གནད་དོན་སོགས་ཀྱིས་དཀའ་རྙོག་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org