ལྦི་ཏི་ནམ་དམར་པོའི་གཞུང་ལ་འགྱུར་བ་གཏོང་དགོས་ཆགས་པ།
ལྦིཏི་ནམ་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་འགྲོ་བཞིན་པ་དེས་ཡུལ་གྱི་དམར་པོའི་གཞུང་གི་འགོ་འཁྲིད་ཐོག་འགྱུར་བ་གཏོང་དགོས་ཆགས།
-
2011-01-17 -
-
-
༄༅༎ལྦིཏི་ནམ་ནང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་འགྲོ་བཞིན་པ་དེས་ཡུལ་གྱི་དམར་པོའི་གཞུང་གི་འགོ་འཁྲིད་ཐོག་འགྱུར་བ་མ་བཏང་བཀའ་མེད་ཆགས་ཡོད་པ་རེད། རེས་གཟའ་ཟླ་བ་ཉིན་ལྦིཏི་ནམ་གྱི་དམར་ཤོག་ཚོགས་པའི་དབུས་སྲིད་བྱུས་གཏན་འབེབ་ཚོགས་ཆུང་གི་ལས་བྱེད་འདེམས་སྐྲུག་གནང་རྒྱུའི་ནང་གཞོན་སྐྱེས་མང་དག་ཅིག་འདེམས་སྐྲུག་ཡོང་རྒྱུ་ཡིན་པ་དང་ཡུལ་དེའི་གཞུང་གི་ལས་བྱེད་ནང་ཚོང་པ་རྣམས་ཞུགས་བཅུག་རྒྱུའི་ཚོད་བལྟ་ཡང་གནང་རྒྱུ་ཡིན་པ་རེད། གོང་ཞུས་ལྦིཏི་ནམ་གྱི་དམར་ཤོག་ཚོགས་པའི་ནང་འགྱུར་བ་དེ་ཡུལ་གྱི་དཔལ་འབྱོར་གྱི་བཏང་འཛིན་དེ་དམར་ཤོག་རིང་ལུགས་ནས་མ་རྩའི་རིང་ལུགས་ཐོག་འགྱུར་བ་འགྲོ་བཞིན་པ་དེར་ངོས་འཛིན་དང་ཡུལ་གྱི་དམར་ཤོག་ཚོགས་པའི་ནང་དམར་པོའི་ལྟ་བ་མཁྲེག་པོ་འཛིན་མཁན་གྱི་འགོ་འཁྲིད་རྙིང་པ་ཁག་ཉུང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད༎