མཛོད་དགེ་རྫོང་དུ་དུས་དབང་།
སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནས་དུས་འཁོར་དབང་ཆེན་གནང་འགོ་བཙུགས་པ།
-
2013-06-20 -
-
-
བོད་ནས་གནས་ཚུལ་འབྱོར་དོན།
༄༅༎སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་བཀྲ་ཤིས་སེམས་སྐྱིད་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་པ་དང་། རྒྱ་ནག་འབྲེལ་ཡོད་ཚན་པས་ཕྱི་ནང་གསང་གསུམ་ནས་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་རེད་འདུག དེ་ཡང་སྐྱབས་རྗེ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཕྱི་ཟླ་༦ཚེས་༡༩ཉིན་ནས་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་བཀྲ་ཤིས་སེམས་སྐྱིད་ཐང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན་གྱི་འགོ་བཟུང་སྟེ་། བོད་མི་གཙོས་རྒྱ་བོད་ཀྱི་དད་ལྡན་སློབ་འབངས་ཁྲི་སུམ་ཅུ་ལྷག་ལ་སྔོན་འགྲོའི་བཀའ་སློབ་གསུངས་དོན། སྤྱིར་བོད་གངས་ཅན་གྱི་ལྗོངས་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དངོས་ཡིན་པ་མ་ཟད་། བོད་མི་ནི་ཨ་མ་དང་མ་ཎིའི་མིང་ལྷན་དུ་ཤེས་པའི་ཆོས་ལ་དད་སེམས་ཆེ་ཞིང་རྒྱུད་ལ་སྙིང་རྗེ་ལྡན་པའི་མི་རིགས་སེམས་བཟང་གཞུང་དྲང་ཞིག་ཡིན། དེའི་ཕྱིར། བོད་མི་ཡོངས་ཀྱིས་དུས་རྒྱུན་འཚོ་བའི་ཁྲོད་མ་ཎི་ཡི་གེ་དྲུག་མ་ཆག་མེད་དུ་འདོན་རྒྱུ་དང་དགེ་སྒྲུབ་སྡིག་སྤོང་གི་ཕྱོགས་ལ་གང་ཐུབ་ཅི་ཐུབ་རེ་བྱེད་རྒྱུ། དེ་མིན། བོད་མི་རིགས་ནང་ཁུལ་ལ་འཁྲུག་འཛིང་དང་། ནང་དམེ། རྐུན་ཇག་སོགས་བྱ་སྤྱོད་ངན་པའི་རིགས་མི་བྱེད་པར་རང་མི་རིགས་ཀྱི་བར་ལ་མཐུན་སྒྲིལ་དམ་པོ་བྱས་ཏེ་གཅིག་ཕན་གཅིག་གྲོགས་ཀྱི་ཕྱོགས་ལ་འབད་པ་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་དང་། བསླབ་པ་སློབ་གཉེར་གནང་མཁན་ཚོ་ཡིན་ནའང་སློབ་གཉེར་གྱི་ཕྱོགས་ལ་འབད་པ་ལྷོད་མེད་བྱེད་དགོས། གཞན་མི་རིགས་སུ་དང་སུ་ཡིན་རུང་མི་རིགས་ཕན་ཚུན་བར་མཐུན་སྒྲིལ་དང་ཕན་སེམས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་གནངནས་་བ་དང་མཉམ་དུས་དབང་དབུ་བཙུགས་གནང་ཡོད་། འོན་ཀྱང་ས་གནས་སུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྒྲིག་ཆས་གྱོན་ཡོད་པ་དང། སྐྱ་ཆས་གྱོན་པ་སོགས་མང་པོ་དཀྲམ་ནས་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་དང་། ལྷག་པར་ཉིན་མཚན་མེད་པར་སྐོར་གཡེང་བྱེད་པ་སོགས་དད་ལྡན་བོད་མི་ཚོེ་དུས་དབང་ཞུ་བར་ཡང་དངངས་སྐྲག་ཡོང་གཞིའི་ཁོར་ཡུག་འོག་ཡོད་པ་རེད་འདུག།