བལ་ཡུལ་ནང་པའི་ངོ་རྒོལ།
བལ་གཞུང་གིས་བལ་ཡུལ་ལྷོ་ཕྱོགས་སུ་ནང་པའི་ལྷ་ཁང་བཞེངས་རྒྱུར་བཀག་འགོག་བྱས་པ།
-
2013-07-30 -
-
-
༄༅༎བལ་ཡུལ་གཞུང་གིས་བལ་ཡུལ་ལྷོ་ཕྱོགས་ཀྱི་ནགས་ཚལ་ནང་དུ་ནང་པའི་ལྷ་ཁང་འཛུགས་སྐྲུན་བྱེད་དུ་མ་བཅུག་པར་བརྟེན་ནས་དེ་རིང་བལ་ཡུལ་ནང་གི་ནང་པ་བརྒྱ་གྲངས་འགས་ནས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་རེད།
དེ་རིང་ཕྱི་ཟླ་བདུན་པའི་ཚེས་༣༠ རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་ནང་དུ་ཡོད་པའི་གཞུང་གི་ལས་ཁུངས་ཨ་མའི་ཉེ་འཁྲིས་སུ་ནང་པའི་དགེ་འདུན་པ་ཁག་ཅིག་གཙོས་པའི་ནང་པ་མི་དམངས་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་སྔ་དྲོའི་རྒྱ་ལམ་ཐོག་མོ་ཊ་འགྲིམས་འགྲུལ་བྱེད་མཁན་ཚང་ཁ་ཆེ་བའི་དུས་སྐབས་སུ་རྒྱ་ལམ་བཀག་ཏེ་གཞུང་གི་ལས་བྱེད་པ་རྣམས་ལས་ཁུངས་སུ་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་དུས་ཡུན་ཚོུད་འགའ་ཤས་རིང་འགྲིམས་འགྲུལ་རྣམས་བཀག་འགོག་བྱས་ཡོད་པ་རེད། འོན་ཀྱང་བལ་པོའི་ཉེན་རྟོག་པ་རྣམས་ཀྱིས་ངོ་རྒོལ་བྱེད་མཁན་མི་དམངས་ཐོག་ལ་བལྟ་རྟོགས་བྱས་ཏེ་བསྡད་པ་ལས་ལས་འགུལ་བཀག་འགོག་བྱས་མེད་ལ་མི་དམངས་དང་ཉེན་རྟོག་པའི་ཕན་ཚུན་གདོང་ཐུག་གི་དོན་རྐྱེན་གང་ཡང་བྱུང་མེད་པ་རེད། བལ་པོའི་ནང་པས་བལ་ཡུལ་གྱི་ནུབ་ཕྱོགས་ཀྱི་ནགས་ཚལ་ནང་དུ་ནང་པའི་དགོན་པ་གསར་བཞེངས་བྱ་རྒྱུར་བལ་པོའི་ས་གནས་གཞུང་གིས་ཁོང་ཚོར་དགོན་པ་གསར་བཞེངས་བྱེད་ཆོག་པའི་བཀའ་ཁྲོལ་མེད་ལུགས་བཤད་དེ་དགོན་པ་གསར་བཞེངས་བྱེད་དུ་མ་བཅུག་པར་བཀག་འགོག་བྱས་པར་བརྟེན་ནས་བལ་པོའི་ནང་པ་ཚོས་ས་གནས་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང། བལ་ཡུལ་རྒྱལ་ཁབ་དེ་ནི་མི་འབོར་མང་ཆེ་བ་ཧིན་དུའི་ཆོས་དད་པ་ཡིན་ནའང་མི་འབོར་གྱི་བརྒྱ་ཆ་༡༠ ནང་པ་ཡིན་པ་རེད།།