༸གོང་ས་མཆོག་སྨྱུང་གནས་ལས་འགུལ་ནང་ལྷན་ཞུཌ་གནང་རྒྱུ།
༸གོང་ས་མཆོག་གིས་རྒྱ་གར་གྲོང་ཁྱེར་མམ་ལྦེ་ལ་ཟས་བཅད་སྨྱུང་གནས་ཀྱི་ལས་འགུལ་ནང་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད།
-
2008-08-29 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སང་ཉིན་རྒྱ་གར་གྲོང་ཁྱེར་མམ་ལྦེ་ལ་ཟས་བཅད་སྨྱུང་གནས་དང་སྨོན་ལམ་གསོལ་འདེབས་ཀྱི་ལས་འགུལ་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག་༸གོང་ས་མཆོག་གི་སྐུ་ཁམས་གསལ་དྭངས་མེད་པའི་རྐྱེན་གྱིས་མམ་ལྦེའི་སྨན་ཁང་ནང་བརྟག་དཔྱད་འགོ་བཙུགས་གནང་ཡོད་པ་དང་སྐུའི་སྨན་པས་ཇི་ལྟར་གསོལ་འདེབས་ཞུས་པར་བཞིན་སྔོན་གཏན་འཁེལ་ཡོད་པའི་མཛད་འཆར་རྣམས་ཕྱིར་འཐེན་གནང་ནས་བདུན་ཕྲག་གསུམ་གྱི་རིང་སྐུ་ངལ་གསོ་གནང་རྒྱུ་ཡིན་པ་རེད།
ད་རིང་ཕྱི་ཟླ་བརྒྱད་པའི་ཚེས་ཉིས་ཤུ་དགུའི་ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་གསལ་ལྟར་ན་བརྟག་དཔྱད་གནང་བའི་སྐབས་སྨན་པ་རྣམས་ཀྱིས་༸གོང་ས་མཆོག་སྐུ་ཁམས་གསལ་དྭངས་ཡིན་པ་དང་ཐུགས་འཚབ་གང་ཡང་གནང་མི་དགོས་པའི་ཁས་ལེན་ཞུས་འདུག།