འདུལ་བ་འཛིན་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གྱི་རྨང་གཞི་ལྟ་བུ་ཆགས་ཀྱི་ཡོད་པ་བཀའ་བསྩལ་འདུག

༧གོང་ས་མཆོག་གིས་ཐའི་ལེན་ནང་པ་དང་བོད་པའི་ནང་པའི་དགེ་འདུན་པའི་དབར་ཕན་ཚུན་ཤེས་ཡོན་བརྗེ་རེས་གནང་བར་བསྔགས་བརྗོད་མཛད་ཡོད་པ།

༧གོང་ས་མཆོག་ནས་ཐའི་ལེན་ཌའི་(Watpa)ལྦ་ཊ་པ་དགོན་པར་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུར་དབུ་བཞུགས་མཛད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་ཚེ་རིང༌།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་ཁག་བསྐྱངས་དང་སྐྱོང་གནང་མཛད་བཞིན་ཡོད་པ་ལྟར། ཁུལ་དེའི་ཐའི་ལེན་ཊའི་(Watpa)ལྦ་ཊ་པ་དགོན་པར།  ཏཱ་ལའི་བླ་མའི་དགེ་རྩ་དང་།  ལྦ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།  དེ་བཞིན་ཐའི་ལན་ཊའི་ལྦ་ཊ་པ་དགོན་མཐུན་མོང་གི་གོ་སྒྲིག་ཐོག  དེ་རིང་ཕྱི་ཚེས་༢༢ ། ༢༣ ཉིན་གྲངས་གཉིས་རིང་ཚོགས་རྒྱུའི་ལེགས་སྦྱར་དང་།  པཱ་ལིའི་ཆོས་རྒྱུད་ཀྱི་སྡེ་སྣོད་གསུམ་གྱི་སྐོར་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་འདུག སྐབས་དེར་༸གོང་ས་མཆོག་ནས་མཁས་པའི་བགྲོ་གླེང་ཚོགས་འདུ་འདིར་ཆེད་དུ་ཕེབས་པའི་མཁས་དབང་དང་།  སློབ་གཉེར་པ་སོགས་བགྲོ་གླེང་པ་ཡོངས་ལ་ལམ་སྟོན་བཀའ་སློབ་བསྩལ་གནང་མཛད་སྐབས། འདུལ་བ་འཛིན་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གྱི་རྨང་གཞི་ལྟ་བུ་ཆགས་ཀྱི་ཡོད་སྐོར་བཀའ་བསྩལ་འདུག
དེ་བཞིན་༧གོང་ས་མཆོག་གིས་འདས་པའི་ལོ་ཤས་གོང་ནས་ཐའི་ལེན་ནང་པ་དང་བོད་པའི་ནང་པའི་དགེ་འདུན་པའི་དབར་འབྲེལ་བ་བྱུང་ནས་ཕན་ཚུན་ཤེས་ཡོན་བརྗེ་རེས་གནང་བར་བསྔགས་བརྗོད་མཛད་པ་དང།  པ་ལི་ཆོས་རྒྱུས་དང་།  ལེགས་སྦྱར་གྱི་ཆོས་རྒྱུད་ཀྱི་རྨང་གཞི་ནི་འདུལ་བའི་ཉམས་ལེན་ཡིན་སྐོར༌བཀའ་གནང་བ་ཆབས་ཅིག གནས་མཆོག་རྡོ་རྗེ་གདན་གྱི་ཐའི་ལེན་ཊའི་(Watpa)ལྦ་ཊ་པ་དགོན་པར་མ་འོངས་པར་ནང་ཆོས་སློབ་གཉེར་གནང་སའི་བསྟི་གནས་ཁང་ཞིག་གསར་བཞེངས་གནང་འཆར་ཡོད་སྟབས་ད་རེས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྩིག་རྨང་འཇོག་གནང་དང་ཐུགས་སྨོན་བཀྲིན་ཆེ་གནང་མཛད་འདུག།

གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ་དང་པ་སངས་ཚེ་རིང༌།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org