༸གོང་ས་མཆོག་གིས་རྩོད་རྙོག་སེལ་ཐབས་སྐོར་བཀའ་གནང་བ།
༸གོང་ས་མཆོག་གིས་སྤྱི་ཚོཌ་བརྟན་ལྷིང་ཡོང་ཐབས་དང་རྩོད་རྙོག་སེལ་ཐབས་སུ་དྲག་གནོན་གྱི་ཐོག་ནས་མ་ཡིན་པར་བཀའ་གནང་ཡོད་པ་རེད།
-
2009-01-22 -
-
-
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་དྲུག་ནས་བཟུང་ཐོག་མར་གུཇ་ར་ཏི་མངའ་སྡེ་དང་དེ་ནས་གནས་མཆོག་ལྦ་ར་ཎ་སིར་ཆོས་འབྲེལ་བསྐྱངས་གནང་བ་དང་རིམ་པས་ལྷོ་ཕྱོགས་པོན་དྲ་ཅེ་རིའི་ནང་བོད་ཀྱི་རིག་གཞུང་ལྟེ་གནས་ཁང་ཞིག་དབུ་འབྱེད་གནང་རྒྱུའི་མཛད་འཆར་དེ་དང་ཕྱོགས་མཚུངས་ཞི་བདེའི་སྐོར་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་བ་བཅས་ཀྱི་མཛད་རིམ་ཁག་ཅིག་བསྐྱངས་གནང་ཡོད་པ་རེད།
ཡང་ཁ་ས་རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་མ་ད་ར་སིའི་མཐོ་རིམ་སློབ་གྲྭའི་ནང་དགེ་ལས་སློབ་ཕྲུག་ཚོར་བཀའ་སློབ་བསྩལ་གནང་བའི་སྐབས་སྤྱི་ཚོགས་ཀྱི་བརྟན་ལྷིང་ཡོང་ཐབས་དང་ལྷག་པར་དུ་རྩོད་རྙོག་རིགས་སེལ་ཐབས་སུ་དྲག་ཤུགས་ཀྱི་ཐོག་ནས་དཀའ་རྙོག་སེལ་ཐབས་བྱེད་པ་ཡིན་ན་དེས་འཕྲལ་སེལ་གྱི་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་ཡོད་ཀྱང་ཕུགས་རྒྱགས་རིང་པོ་གནས་ཐུབ་ཀྱི་མ་རེད་ཅེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཏའོ་ཡིས་སྤྱི་ཚོགས་བརྟན་ལྷིང་ཡོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ཐོག་དཔེ་མཚོན་བཞག་གནང་བ་མ་ཟད་བོད་ཀྱི་གནད་དོན་དེ་དག་ཀྱང་རྒྱ་ནག་དཔོན་རིགས་ཚོས་རིམ་པས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་དཀའ་ངལ་སེལ་དགོས་པ་ཞིག་ཆགས་ཀྱི་རེད་ཅེས་བཀའ་གནང་འདུག
ཡང་ཁ་སའི་བཀའ་སློབ་ནང་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་ལྔ་བཅུ་ཙམ་བོད་མི་ཚོ་ཐོག་མར་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བའི་སྐབས་སོ་སོའི་ལུང་པ་དང་སྡོད་གནས་ཁང་པའང་མེད་ཀྱང་རྒྱ་གར་གཞུང་དང་མི་མང་ཚོས་ད་བར་ང་ཚོ་བོད་མི་སྐྱབས་བཅོལ་བ་རྣམས་ལ་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་གནང་འདུག།