༸གོང་ས་མཆོག་གིས་པོ་ལེནཌ་ལ་་གསུང་བཤད་བསྩལ་བ།

༸གོང་ས་མཆོག་གིས་རྒྱ་ནག་མང་གཙོའི་ལམ་ལུཌ་གསར་འཛུཌ་ཐུབ་པའི་དུས་སུ་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་བཀའ་གནང་འདུག

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལནཌ་ཡི་གྲོང་ཁྱེར་ལྡངས྄་ནང་གཞོན་ནུའི་གླེང་སྟེགས་ཅེས་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་གསུང་བཤད་བསྩལ་གནང་སྐབས་རྒྱ་ནག་དེ་བཞིན་མ་འོངས་པར་དམངས་གཙོ་ཅན་དུ་འགྱུར་ཏེ་ཡུལ་དེའི་ནང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་དང་མང་ཚོགས་ལ་སྨྲ་བརྗོད་དང་གསར་འགོད་པའི་རང་དབང་མཁོ་སྤྲོད་བྱུང་བའི་མཚམས་སུ་བོད་ཀྱི་གནད་དོན་དང་འབྲེལ་བའི་དཀའ་རྙོག་དེ་ཉིན་ཤས་ནང་སེལ་ཐུབ་པའི་བསམ་ཚུལ་ཞིག་ཡོང་གི་འདུག་ཅེས་བཀའ་གནང་ཡོད་པ་རེད།

ཡང་བཞུགས་མོལ་ཚོགས་འདུ་དེའི་ཐོག་པོ་ལེནཌ་ཡི་སྲིད་འཛིན་ཟུར་པ་ལེཅ་བ་ལི་ས་ཡིས་གསུང་བཤད་གནང་སྐབས་གལ་སྲིད་ངོས་རང་༸གོང་ས་མཆོག་གི་ཡུལ་ནང་ཡོད་ན་བོད་པས་བྱས་པ་ནང་བཞིན་ངོས་རང་གིས་ཀྱང་རང་དབང་རྩོད་ལེན་བྱེད་ས་རེད་ཡང་གལ་སྲིད་ངོས་ལ་རང་དབང་རྩོད་ལེན་དེར་རྒྱལ་ཁ་ཐོབ་པར་ཐབས་ལམ་ཇི་འདྲ་ཞིག་འཛིན་གྱི་ཡིན་ཞེས་འདྲི་བ་བྱས་པ་ཡིན་ན་ཐབས་ལམ་དེ་ངོས་ནས་ནང་མོལ་གྱི་ཚུལ་དུ་ཞུ་རྒྱུ་ལས་ཡོངས་གྲགས་བཟོ་གི་མིན་འོན་ཀྱང་གནས་སྟངས་ཇི་འདྲ་ཞིག་ཡིན་རུང་རེ་བ་མེད་པ་རྩ་བ་ནས་མིན་སོ་སོའི་སྟོབས་ཤུགས་ངོ་འཕྲོད་པ་བྱས་པའི་ཐོག་ནས་ཐབས་ལམ་རན་པོ་ཞིག་འཚལ་ཐུབ་པ་ཡིན་ན་སྒྲུབ་འབྲས་ཐོན་རྒྱུ་ཡིན་པ་ངེས་པ་ཞིག་ཡིན་དུས་ངོས་ནས་བོད་མི་ཚོར་རང་དབང་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org