༧གོང་ས་མཆོག་དི་རཱངྒ་ས་གནས་སུ་ཞབས་སོར་འཁོད་འདུག

༧གོང་ས་མཆོག་ཕྱི་ཚེས་༥འི་དགོང་དྲོ་རྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེའི་དི་རཱངྒ་ས་གནས་སུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

༸གོང་ས་མཆོག་ནས་ཕྱི་ཚེས་༥ཉིན་འབུམ་སྡེ་ལ་ཁུལ་གྱི་ཆོས་འབྲེལ་གྲུབ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་གནང་བཞིན་པ། དགའ་ལྡན་ཕོ་བྲང་ཡིག་ཚང་།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༥འི་དགོང་དྲོ་རྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེའི་དི་རཱངྒ་ས་གནས་སུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག    ཕྱི་ཚེས་༦སྔ་དྲོ་ཁུལ་དེའི་ནང་གི་ནང་ཆོས་སློབ་གཉེར་ཁང་ཐུབ་གསུང་དར་རྒྱས་གླིང་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་ཀྱི་ཡོད་པ་དང་།    སྐབས་དེར་རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་སྐུ་གཞོན་ཀི་རཎ་རི་ཇི་ཇུ་Kiren Rijiju མཆོག་དང་།    མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག    མངའ་སྡེའི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་ཚོགས་གཙོ།    ས་གནས་གྲོས་ཚོགས་འཐུས་མི་སོགས་ཆབ་སྲིད་ཀྱི་དབུ་ཁྲིད་མི་སྣ་མང་པོ་ཞིག་སྐུ་བཅར་ཞུས་གནང་གི་ཡོད་པ་རེད། དེ་ནས་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེ་དང་ཉེ་འཁོར་ས་གནས་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་མང་ཚོགས་ཁྲི་ཚོ་འགའ་ཤས་ལ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་དང་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར།    བློ་སྦྱོང་ཚིག་བརྒྱད་མ་བཅས་ཀྱི་ཆོས་འབྲེལ་གསུང་ཆོས་བཀྲིན་ཆེ་གནང་མཛད་ཀྱི་ཡོད་པ་རེད།
གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org