༸གོང་ས་མཆོག་ནས་འབུམ་རྡི་ལར་མི་མང་ལ་བཀའ་སློབ།

༸གོང་ས་མཆོག་གིས་ནང་ཆོས་གྲུབ་མཐའ་མ་ཡིན་པར་ཕྱི་རོལ་པའི་གྲུབ་མཐའ་ཁག་ཀྱང་སློབ་གཉེར་གནང་དགོས་པའི་སྐོར་བཀའ་སློབ་གནང་འདུག

2009.11.13

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབུམ་རྡི་ལར་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་གྲུབ་མཐའ་མ་ཡིན་པར་ཕྱི་རོལ་པའི་གྲུབ་མཐའ་ཁག་ཀྱང་སློབ་གཉེར་གནང་དགོས་པའི་སྐོར་བཀའ་སློབ་ལམ་སྟོན་གནང་འདུག དེ་ཡང་ང་ཚོའི་ཆེད་གཏོང་གསར་འགོད་པས་ས་གནས་ནས་གནས་ཚུལ་བཏང་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཤར་མངའ་སྡེའི་འབུམ་རྡི་ལའི་ས་གནས་སུ་ཕྱི་ཚེས་བཅུ་གསུམ་ཉིན་ཞབས་སོར་འཁོད་གནང་ཡོད་ཅིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དུ་ཞབས་སོར་འཁོད་ཐུབ་པ་དེ་འབུམ་རྡི་ལའི་ས་ཁུལ་དུ་གནས་པའི་མི་མང་རྣམས་ཀྱི་རྒྱུན་རིང་རེ་སྒུག་གནང་བ་དེ་༸གོང་ས་མཆོག་མཇལ་ནས་དངོས་སུ་བསྒྲུབ་པའི་དགའ་ཚོར་ཆེན་པོ་གནང་གི་ཡོད་པ་རེད་འདུག ས་གནས་སུ་ཕེབས་མཚམས་སུ་༸གོང་ས་མཆོག་གིས་དད་ལྡན་པ་རྣམས་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་དབང་དང་དེ་ནས་དད་ལྡན་པ་ཁག་ཅིག་ལ་སོ་ཐར་སྡོམ་པ་གནང་འདུག འབུམ་རྡི་ལའི་ས་གནས་སུ་འཛོམ་པའི་ཆོས་ཞུ་གཅིག་ཁྲི་ལྷག་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་གྲུབ་མཐའ་ཁག་སློབ་གཉེར་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་མ་ཟད་ཕྱི་རོལ་པའི་གྲུབ་མཐའ་ཁག་ཀྱང་སློབ་གཉེར་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་སྐོར་བཀའ་གནང་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་སྡེ་ནང་དུ་ཕེབས་པ་འདི་ཐེངས་ལྔ་པ་ཡིན་པ་དང་ཐེངས་དང་པོ་དེ་ཕྱི་ལོ་༡༩༥༩ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ནས་བཙན་བྱོལ་དུ་ཕེབས་སྐབས་ཡིན་པའི་གནས་ཚུལ་མཁོ་བཏང་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎