ལྡི་ལིར་རྒྱ་གར་གྱི་སློབ་ཕྲུག་ཚོར་དམིགས་བསལ་བཀའ་སློབ་སྩལ་བ།

རྒྱ་གར་གྱི་གནའ་སྔ་མོའི་རིག་གཞུང་བཟང་པོ་དེ་དེང་རབས་ཀྱི་ཤེས་ཡོན་མཉམ་དུ་བེད་སྤྱོད་དགོས་པའི་བཀའ་སློབ།

རྒྱ་གར་གྱི་གནའ་སྔ་མོའི་རིག་གཞུང་བཟང་པོ་དེ་དེང་རབས་ཀྱི་ཤེས་ཡོན་མཉམ་དུ་བེད་སྤྱོད་དགོས་པའི་བཀའ་སློབ། དགའ་ལྡན་ཕོ་བྲང་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སློབ་ཕྲུག་ཚོར་རྒྱ་གར་གྱི་གནའ་སྔ་མོའི་རིག་གཞུང་བཟང་པོ་དེ་དེང་རབས་ཤེས་ཡོན་ནང་མཉམ་དུ་བེད་སྤྱོད་གཏོང་ཐབས་འབད་བརྩོན་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད་།
ཕྱི་ཟླ་༤ཚེས་༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་CNN-IBN ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པས་ཉེ་ཆར་Paris དང་Brussels ནང་གཏོར་རྒོལ་གྱི་དོན་རྐྱེན་དང་།་དུས་རབས་༢༠ ནང་ནོར་འཁྲུལ་ཇི་བྱུང་སྐོར་དང་།་ཆོས་ལུགས་ཀྱི་གནད་དོན་སོགས་ཀྱི་ཐོག་ལ་བཀའ་འདྲི་ཁག་ཅིག་ཞུས་པའི་སྐབས་པར་། ༸གོང་ས་མཆོག་གིས་ཕྱོགས་གཉིས་ཀ་འགྲོ་བ་མི་གཅིག་འགྱུར་ཡིན་པ་དང་བདེ་བ་འདོད་བ་དང་བདེ་སྐྱིད་འདོད་མཁན་ཡང་གཅིག་འགྱུར་ཡིན་ཞིང་། དེ་ལྟ་བུའི་དཀའ་ངལ་དེ་ནི་དུས་རབས་༢༠ ནོར་འཁྲུལ་ལས་བྱུང་བ་གཟིགས་ཀྱི་ཡོད་ཅེས་དང་། དུས་རབས་༢༠ ནང་དམག་འཁྲུགས་ཀྱི་དོན་རྐྱེན་རིམ་པ་བྱུང་ནས་འཛམ་གླིང་མི་དམངས་ལ་དཀའ་ངལ་བཟོས་པ་སོགས་ཀྱིས་མཐར་མི་མང་ཆེ་བས་དྲག་པོའི་འཚེ་བའི་ལས་དང་དམག་དོན་དབང་ཤུགས་ནི་དཀའ་ངལ་སེལ་བའི་ཐབས་ལམ་ཞིག་མིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་། དྲག་པོ་དང་དམག་གི་དབང་ཤུགས་ཀྱིས་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་བཟོ་བ་དང་ཕན་ཚུན་ནང་འཁྲུགས་ཀྱི་རྐྱེན་དུ་འགྱུར་བ་ནི་ཆོས་ཉིད་ཡིན་པའི་སྐོར་བཀའ་སྩལ་གནང་ཡོད་ལ་། ད་དུང་བོད་ནི་རིག་གཞུང་ཕྱུག་པོ་དང་རིན་ཐང་ལྡན་ཅན་ཞིག་ཡིན་པ་ལྟར་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱས་ཏེ་བོད་མི་རིགས་ཀྱི་ངོ་བོ་གནས་ཐབས་བྱེད་པ་ཡིན་ནའང་རྒྱ་ནག་གི་དཔོན་རིགས་ནང་གི་ལྟ་བ་མཁྲེགས་འཛིན་པ་ཚོས་ཁ་བྲལ་བྱ་སྤྱོད་ལ་ངོས་འཛིན་བྱས་ཏེ་རྡུང་རྡེག་གཏོང་གི་ཡོད་པ་དང་།འོན་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་མི་དམངས་ས་ཡ་མང་པོ་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པའི་སྐོར་སོགས་བཀའ་སྩལ་གནང་ཡོད་པ་རེད་། དེ་རྗེས་༸གོང་ས་མཆོག་གིས་ལྡི་ལིའི་འཛིན་རིམ་༡༢ ཡོད་པའི་སློབ་གྲྭ་Sringdale ཞེས་པའི་ནང་ཆིབས་བསྒྱུར་གྱིས་དེར་དགེ་རྒན་དང་སློབ་ཕྲུག་ཕ་མ་བཅས་མི་གྲངས་ཆིག་སྟོང་ལྷག་ལ་རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱ་གར་གྱི་རིག་གཞུང་བཟང་པོ་དེ་སྨོན་ལམ་རྒྱབ་པ་མ་ཡིན་པར་ནུས་པ་ཐོན་པའི་ལག་བསྟར་བྱ་དགོས་པ་དང་། སེམས་མ་འདུལ་བ་དེ་སྦྱོང་བརྡར་བྱས་ནས་སེམས་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཡོང་བ་བྱ་དགོས་པ་དང་། འཛམ་གླིང་དེ་འགྱུར་ལྡོག་གཏོང་བར་ཚང་མར་འགན་འཁྲི་ཡོད་ལ་ལྷག་པར་དུ་རྒྱ་གར་ནི་ནུས་པ་ཆེན་པོ་ལྡན་ཡོད་པའི་བཀའ་སློབ་ཕེབས་ཡོད་པ་རེད་། དེ་རྗེས་༸གོང་ས་མཆོག་གིས་སྐད་གྲགས་ཆེ་བའི་རྒྱ་གར་གྱི་འཕྲུལ་རིག་སློབ་གཉེར་ཁང་དུ་ཡ་རབས་བཟང་སྤྱོད་དང་བདེ་སྐྱིད་སྐོར་ལ་བཀའ་སློབ་སྩལ་གནང་བ་དང་མང་ཚོགས་ནས་བཀའ་འདྲི་ཞུ་པ་ཁག་ལ་བཀའ་ལན་སྩལ་གནང་ཡོད་པ་རེད༎
གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org