བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ།

བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ལྔ་པ་དང་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་འདུ་ཚོགས་འདུག

2011.04.20

༄༅།།ཕྱི་ཟླ་བཞི་པའི་ཚེས་༢༠ཉིན་བཞུགས་སྒར་རྡ་རམ་ས་ལའི་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ལྔ་པ་དང་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཚོགས་འདུ་ཚོགས་ཡོད་ཅིང་ ཚོགས་འདུར་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་དང་ དྲུང་ཆེ་དབང་ཕྱུག་ཕ་ཟུར་ལགས་ བོད་མི་མང་སྤྱི་འཐུས་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ དེ་བཞིན་ཕྱོགས་མཐའི་སྨན་ཁང་ཁག་གི་འགན་འཛིན་དང་སྨན་པ་ འཕྲོད་བསྟེན་འབྲེལ་ཡོད་ལས་བྱེད་བཅས་མི་གྲངས་༤༠བརྒལ་བ་ལྷན་འཛོམས་གནང་ཡདོ་པ་དང་ ཚོགས་འདུའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་ནས་གསུང་བཤད་གནང་བའི་ནང་ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་གྱི་སྒྲིག་འཛུགས་ཚགས་ཚུད་ཡོད་པ་དང་ འཕྲོད་བསྟེན་ལས་དོན་ཡག་པོ་སྤེལ་ཐུབ་རྒྱུར་འཕྲོད་བསྟེན་ལས་བྱེད་ཚོའི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན་ འབྲེལ་ཡོད་ལས་བྱེད་ཚོས་སོ་སོའི་གནས་བབ་ཤེས་པའི་ཐོག་ནས་ཕྱག་ལས་གནང་ན་ནུས་པ་ལྡན་པ་ཞིག་ཡོང་རྒྱུ་ཡིན་ཞིང་ ད་རེས་ཀྱི་བསྐྱར་ཞིབ་ཚོགས་འདུ་དེའི་ཐོག་ད་བར་ང་ཚོས་ཕྱག་ལས་གང་གནང་ཡོད་པ་དེར་བསྐྱར་ཞིབ་གནང་རྒྱུ་ཡིན་པ་དང་ ས་གནས་སུ་ཡོད་པའི་འཕྲོད་བསྟེན་ལས་བྱེད་ཡོངས་ནས་ཕྱག་ལས་ལ་སྤྲོ་བ་དང་ ལྷག་བསམ་ཡོད་པའི་ཐོག་ནས་དུས་དང་རྣམ་པ་ཀུན་དུ་ལྷོད་གཡེང་མ་འགྲོ་བ་ཞིག་ངེས་པར་དུ་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་ཞུས་གནང་འདུག ད་རེས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་ཐེངས་ལྔ་པ་དེར་སྔོན་གྱི་ཚོགས་ཐེངས་བཞི་པའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་བོད་ཀྱི་གསོ་རིག་དང་ཕྱི་ལུགས་སྨན་བཅོས་དབར་ཟུང་འབྲེལ་གྱི་ཡར་རྒྱས་གཏོང་ཕྱོགས་ཁག་གི་སྐོར་ དེ་བཞིན་ཀྲི་སྦི་དང་ མཆིན་པའི་གཉན་ཚད་ སྨྱོ་རྫས་ཆང་རག་ལང་ཤོར་དང་གཉན་ནད་རེག་དུག ཚ་བ་འདར་ཚད་ ཕོ་སྐྲན་ ཁྲག་ཤེད་ མ་དང་བྱིས་པའི་འཕྲོད་བསྟེན་ དབང་པོ་སྐྱོན་ཅན་ལ་ལྟ་སྐྱོང་ མང་ཚོགས་ལ་ནད་རིགས་སྔོན་འགོག་ཐབས་བྱུས་ཡར་རྒྱས་གཏོང་ཕྱོགས་ཁག་གི་སྐོར་བཅས་ལ་བགྲོ་གླེང་དང་ ས་གནས་སོ་སོའི་གཞི་རིམ་མང་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ སྨན་བཅོས་ལྟ་སྐྱོང་ལས་གཞི་ལག་བསྟར་གནང་ཕྱོགས་ མཇུག་ཏུ་ཕྱོགས་མཐའི་སྨན་ཁང་ཁག་གི་འཛིན་སྐྱོང་སྐོར་བཅས་ལ་དམིགས་བསལ་ཚོགས་འདུ་ཉིན་གཉིས་རིང་ཚོགས་རྒྱུ་ཡིན་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་འཁོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎