རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་སྐོར།
རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་ལ་སྐྱོན་བརྗོད་ཀྱི་ཟས་བཅད་ངོ་རྒོལ་བ་ཧ་ཛ་རེ་ཡིས་ཁོང་སྲོག་གཏོང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་འདུག
-
2011-08-23 -
-
-
༄༅༎རྒྱ་གར་གཞུང་གི་ལྐོག་ཟ་རུལ་སུངས་ལ་སྐྱོན་བརྗོད་ཀྱི་ཟས་བཅད་ངོ་རྒོལ་གནང་མཁན་ཨ་ན་ཧ་ཛ་རེ་ཡིས་རྒྱལ་ཁབ་ཀྱི་དོན་དུ་ཁོང་གི་སྲོག་གཏོང་རྒྱུར་གྲ་སྒྲིག་ཡོད་ཅེས་གསུངས་འདུག།
རྒྱ་གར་གཞུང་གིས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཚོ་དང་འགྲིག་འཇགས་ཡོང་ཐབས་སུ་ ཆབ་སྲིད་ཚོགས་པ་ཡོངས་ཀྱི་ལྷན་ཚོགས་ཤིག་འདུ་བསྐོང་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་རེད། ཨ་ན་ཧ་ཛ་རེ་ཡིས་སྲིད་བློན་མན་མོ་ཧན་སིང་མཆོག་གིས་དབུ་ཁྲིད་པའི་གཞུང་དེ་ལྐོག་ཟ་རུལ་སུངས་ཅན་ཞིག་ཡིན་པའི་སྐྱོན་འཛུགས་འོག་ ཟས་བཅད་ངོ་རྒོལ་གནང་ནས་ད་ཆ་ཉིན་གྲངས་བརྒྱད་ཙམ་འགྲོ་གི་ཡོད་པར་བརྟེན། ཁོང་གི་སྐུ་གཟུགས་ཀྱི་གནས་བབ་ཉིན་རེ་བཞིན་སྐྱོ་རུ་འགྲོ་གི་ཡོད་པའི་བློ་འཚབ་འོག་ སྲིད་བློན་སིང་མཆོག་གིས་ཆབ་སྲིད་ཚོགས་པ་ཚང་མའི་དབུ་ཁྲིད་ཚོའི་ལྷན་ཚོགས་ཤིག་ རེས་གཟའ་ལྷག་པའི་ཉིན་གནང་རྒྱུ་ཡིན་པ་དང༌། དེའི་སར་ཨ་ན་ཧ་ཛ་རེ་ཡིས་ལྐོག་ཟ་རུལ་སུངས་འགོག་ཐབས་ཀྱི་ཁྲིམས་གཞི་ནུས་པ་ལྡན་པ་་ཞིག་དགོས་རྒྱུའི་དགོས་འདུན་བཏོན་གནང་བ་དེའི་ཐད་སྤྱི་མོས་ཡོང་རྒྱུའི་ཐུགས་རེ་གནང་འདུག།
རྒྱལ་ས་ལྡི་ལིའི་ནང་གུང་གྲངས་༧༤ལ་ཕེབས་པའི་ཨ་ན་ཧ་ཛ་རེ་ཡིས་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱིས་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་དང༌། བཟས་བཅད་ངོ་རྒོལ་གནང་ཡུལ་དུ་འདུས་པའི་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མི་མང་སྟོང་ཕྲག་མང་པོར་། ཁོང་གིས་བཏོན་གནང་བའི་དགོས་འདུན་ཁག་ལ་འགྱུར་བ་མེད་པ་དང༌། ཁོང་གི་མགུལ་བཅད་པ་ཡིན་ནས་དབུ་ནམ་ཡང་སྒུར་གནང་རྒྱུ་མིན་སྐོར་གསུངས་བཞག།