འཇར་མ་ནིའི་བློན་ཆེན་དང༸གོང་ས་མཆོག་དབར་མཇལ་འཕྲད།

རྒྱ་ནག་གིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར་འཇར་མ་ནིའི་འཛུགས་སྐྲུན་བློན་ཆེན་མཆོག་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འཆར་ལ་འགྱུར་བ་མེད་པ་རེད།

2008.05.17

༄༅༎རྒྱ་ནག་གིས་གཞུང་འབྲེལ་ཐོག་ནས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། འཇར་མ་ནིའི་འཛུགས་སྐྲུན་བློན་ཆེན་ལྕམ་ ཧའེ་ཌི་མ་རི་ ཝིག་ཛོ་རེག་ཛུལ་ ཡིས་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞིར་འགྱུར་བ་མེད་སྐོར་གསུངས་བཞག

རེས་གཟའ་ཟླ་བའི་ཉིན་བློན་ཆེན་ལྕམ་ཧའེ་ཌི་མ་རི་ཡིས་རྒྱལ་ས་སྦར་ལིན་ནང་གི་གསོལ་མགྲོན་ཁང་ཞིག་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་གནང་རྒྱུ་ཡིན་པ་དེ་ནི་ ༸གོང་ས་མཆོག་ད་རེས་འཇར་མ་ནིའི་ནང་ཉིན་གྲངས་ལྔའི་རིང་ཆིབས་བསྒྱུར་བསྐྱངས་པའི་སྐབས་དེར་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མཁན་འཇར་མན་གྱི་གཞུང་འབྲེལ་དཔོན་རིགས་མཐོ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད།

ལྕམ་ཧའེ་ཌི་མ་རི་ཡིས་ འཇར་མ་ནིའི་གསར་ལམ་སིཔི་གཱལ་ལ། ཁོང་གིས་འཛམ་གླིང་ཡུལ་ཁག་ཚོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་ཚོ་དང་མཇལ་འཕྲད་ཡང་སེ་ཞུ་གནང་གི་ཡོད་པ་དང་། ༸གོང་ས་མཆོག་དང་མཇལ་འཕྲད་ངེས་པར་དུ་ཞུ་དང་ཞུ་ཞེས་གསུངས་ཏེ། འཛུགས་སྐྲུན་གོང་འཕེལ་ལྷན་ཁང་གི་ལས་འགན་གཙོ་བོ་གཅིག་ནི་ཆོས་ལུགས་ཕན་ཚུན་དབར་གྲོས་མོལ་སྐུལ་སྤེལ་གནང་རྒྱུ་དང་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཞི་བའི་སྤྱི་ཚོགས་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན་སྐོར་འགྲེལ་བརྗོད་གནང་བཞག

འཇར་མ་ནིའི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་གསུངས་ན། འཛུགས་སྐྲུན་བློན་ཆེན་ལྕམ་ཧའེ་ཌི་མ་རིས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་གནང་རྒྱུའི་འཆར་གཞི་དེར་རྒྱ་ནག་གིས་སྐྱོན་བརྗོད་བྱས་ཡོད་ཅིང༌། སྦར་ལིན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་བྱེད་པ་ ཅུན་ཧུའེ་ཀྲང་ གིས་ འཇར་མན་གཞུང་གི་དཔོན་རིགས་ཤིག་ནས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་ལ་གཞུང་འབྲེལ་སྣེ་ལེན་ཞུ་རྒྱུ་དང་འཇར་མ་ནིས་༸ཏཱ་ལའི་བླ་མ་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་བཅུག་པ་དེར་རྒྱ་ནག་གི་ངོས་ནས་དགག་བྱ་ཡོད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎