གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་རྒྱ་ནག་ལ་ཕེབས་འཇུག་དགོས་བའི་འབོད་སྐུལ།

ཇར་མ་ནིའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཇར་མ་ནིའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་(Margarete Bause)་ལགས། Margarete Bause/FB

ཇར་མ་ནིའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་འདུག
དེ་ཡང་འདི་ཚེས་༥་རེས་གཟའ་ཟླ་བ་ཉིན། ཇར་མ་ནིའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་ནང་ཕེབས་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཇར་མ་ནིའི་སྐུ་ཚབ་ཚོགས་ཆུང་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་ཞིག་ཡོད་པའི་རྒྱུ་མཚན་གྱིས་རྒྱ་ནག་ཕྱོགས་ནས་དགག་བྱ་བྱས་པའི་རྗེས། ཇར་མ་ནིའི་གྲོས་ཚོགས་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམས་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སྐྱོན་བརྗོད་གནང་མཁན་དེ་ནི་གྲོས་ཚོགས་འཐུས་མི་ལྕམ་(Margarete Bause)་ཡིན་པ་དང་།  ཁོང་ནི་རྒྱ་ནག་སྤྱི་དང་ལྷག་པར་དུ་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཐད་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཞིག་ཡིན་འདུག    དགུང་གྲངས་ ༦༠ ་ལ་ཕེབས་པའི་ལྕམ་ (Bause)་ཡིས་(Twitter)་བརྡ་འཕྲིན་ཐོག་ད་ཐེངས་ཀྱི་རྒྱ་ནག་གཞུང་གི་བྱེད་བབ་དེས་ཁོང་རང་ཉིད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གི་ཆོད་སེམས་དེ་དེ་བས་བརྟན་རུ་བཏང་ཡོད་པའི་སྐོར་གསུངས་འདུག
ཡང་ཇར་མ་ནིའི་(Bundestag)་གྲོས་ཚོགས་ཀྱི་མགྲིན་ཚབ་མས་ཇར་མ་ནིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་པར་གྲོས་ཚོགས་ཀྱི་མི་འགྲོ་འདེམས་ཕྱོགས་ཀྱི་དབང་ཚད་དེ་ཇར་མན་གྲོས་ཚོགས་གཅིག་པོར་ཡོད་པ་ལས་གཞན་སུར་མེད་པའི་སྐོར་ཕྱག་བྲིས་གནང་སྐོར་གསུངས་འདུག
ད་དུང་ཇར་མ་ནིའི་སྲིད་བློན་ལྕམ་(Angela Merkel)་མཆོག་གི་མགྲིན་ཚབ་མ་གཞོན་པ་ལྕམ་(Ulrike Demmer)་ཡིས་ཇར་མ་ནིའི་གཞུང་ངོས་ནས་རྒྱ་ནག་གི་ལྷན་གནད་དོན་སྤྱི་དང་ལྷག་པར་དུ་དཀའ་རྙོག་ཅན་གྱི་གནད་དོན་ཁག་གི་ཐོག་གྲོས་མོལ་གནང་རྒྱུའི་མདུན་པ་ཡོད་སྐོར་གསུངས་འདུག
འཆར་གཞི་ལྟར་ན། ཇར་མ་ནིའི་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཁག་ཅིག་ཟླ་བ་འདིའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུའི་འཆར་གཞི་སྒྲིག་གནང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org