དབྱིན་ཇིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་འདུག


2020.07.10
དབྱིན་ཇིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༧།༡༠ དབྱིན་ཇིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༢༠༢༠།༧།༡༠
FT/FB

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་འོད་གཏོང་བརྙན་པར་བཏང་ནས་བོད་དང་ཧོང་ཀོང་ཡུ་གུར་བཅས་ལ་རང་དབང་སྤྲོད་དགོས་པའི་ལས་འགུལ་སྤེལ་འདུག
ཕྱི་ཟླ་༧་ཚེས་༡༠་ཉིན། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་འོད་གཏོང་བརྙན་པར་བཏང་ནས་བོད་དང་ཧོང་ཀོང་ཡུ་གུར་བཅས་ལ་རང་དབང་དགོས་ཞེས་ལས་འགུལ་སྤེལ་འདུག
སྐབས་དེར་ལས་འགུལ་སྤེལ་མཁན་ཚོས་བོད་ནི་རྒྱ་ནག་གིས་ཁྲིམས་འགལ་བཙན་བཟུང་བྱས་པའི་ཡུལ་གྲུ་ཞིག་ཡིན་པ་དང་། ད་ཆ་བོད་ནི་འཛམ་གླིང་ནང་དྲག་གནོན་ཆེ་ཤོས་བྱ་ཡུལ་ཞིག་ཆགས་ཡོད་པ་མ་ཟད། བོད་མི་ཚོས་རང་གི་རིག་གཞུང་དང་སྐད་ཡིག་གཅེས་འཛིན་བྱས་པ་དང་། ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་ལ་བརྟེན་ནས་བོད་མི་མང་པོ་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་པ་གསལ་སྟོན་བྱས་བ་དང་། ད་དུང་རྒྱ་ནག་གི་ཉེན་རྟོག་པས་བོད་མི་ཚོར་རྒྱུན་ཆད་མེད་པར་གདུག་རྩུབ་མནར་གཅོད་གཏོང་གི་ཡོད་པ་དང་། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ་སོགས་ཀྱི་གནས་སྟངས་འོག འདས་པའི་ལོ་ལྔ་ནས་བཟུང་ཨ་མི་རི་ཀའི་རང་དབང་ཁང་པས་བོད་ནི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་མེད་པའི་རྒྱལ་སྤྱིའི་ནང་ནས་ས་ཁུལ་སྡུག་ཤོས་ཨང་གཉིས་པ་དེ་ཆགས་ཡོད་པའི་སྙན་ཐོ་འདོན་སྤེལ་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག
ད་དུང་རྒྱ་ནག་གཞུང་གིས་བོད་ནང་པར་ཆས་མང་པོ་བཙུག་ནས་བོད་མི་ཚོའི་ཐོག་བྱ་ར་ནན་པོ་བྱེད་བཞིན་པ་དང་དམ་དྲག་ཆེ་བའི་དབང་གིས། དེང་སྐབས་བོད་ནང་གི་གནས་ཚུལ་ཕྱི་ལ་སླེབས་རྒྱུ་ཁག་པོ་ཆགས་ཡོད་པ་དང་། རྒྱ་ནག་གིས་བོད་ནང་གདུག་རྩུབ་ཀྱི་སྲིད་ཇུས་སྤེལ་བ་དང་། ལྟ་སྲུང་ནན་པོ་བྱེད་བཞིན་པ་དེར་ལམ་ལྷོང་བྱུང་ཡོད་སྟབས། རིམ་པས་ཤིན་ཅིང་ངམ་ཤར་ཏུར་ཀིས་ཐན་ནང་དུ་གཅིག་མཚུངས་དྲག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱས་བ་དང་། ཤིན་ཅིང་ནང་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཉིས་ལྷག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ནས་བཞག་ཡོད་པ། ད་ཆ་རིམ་པས་ཧོང་ཀོང་ནང་དུའང་གདུག་རྩུབ་ཀྱི་སྲིད་ཇུས་འོག་ཉེན་ཁའི་གནས་སྟངས་སླེབས་ཡོད་པ་སོགས་གསལ་སྟོན་བྱས་འདུག
དེ་བཞིན་ད་དུང་བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཚོས་ཀུ་ཤུ་རྟགས་ཅན་གྱི་ཚོང་ཁང་གི་མདུན་དང་། (The Economist)་ཞེས་པའི་སྤྱི་ཁྱབ་ལས་ཁང་གི་མདུན་དུའང་འོད་གཏོང་བརྙན་པར་ཐོག་ནས་ཁེ་གཉེར་ལས་ཁང་དེ་གཉིས་ཀྱིས་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་བཞིན་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱས་འདུག
ལས་འགུལ་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་འབྲུག་སྐར་རྒྱལ་ལགས་ཀྱིས། དབྱིན་ཇིའི་གཞུང་གིས་བོད་མི་དང་ཡུ་གུར། དེ་བཞིན་ཧོང་ཀོང་བ་ཚོར་རྒྱབ་སྐྱོར་གནང་ནས་རྒྱ་ནག་གིས་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེ་ཚོར་ངོ་རྒོལ་གནང་དགོས་པའི་འབོད་སྐུལ་ཞུས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎