བྱང་ཀོ་རི་ཡའི་གོ་མཚོན་ཡོད་པའི་གནམ་གྲུ་འཛིན་བཟུང༌།

ཐའེ་ལེན་ཌི་ནང་གོ་མཚོན་ལག་ལ་ཐོགས་པའི་གནམ་གྲུ་ཞིག་དང་དེའི་ནང་གི་མི་ལྔ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

༄༅༎ཐའེ་ལེན་ཌི་ནང་གོ་མཚོན་ལག་ལ་ཐོགས་པའི་གནམ་གྲུ་ཞིག་དང་དེའི་ནང་གི་མི་ལྔ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་ཉི་མའི་ཉིན་ཨེ་པི་གསར་ལས་ཁང་གིས་སྦེང་ཀོག་ནས་གནས་ཚུལ་སྤེལ་བར་གཞིགས་ན་རེས་གཟའ་སྤེན་པའི་ཉིན་ཕྱི་རྒྱལ་གྱི་མི་སྣ་ལྔ་ཡོད་པའི་གནམ་གྲུ་ཞིག་ཐའེ་ལེན་ཌི་རྒྱལ་སའི་གནམ་ཐང་དུ་སྣུམ་བླུགས་པར་བབས་སྐབས་ཉེན་རྟོག་པས་མི་སྣ་དེ་དག་འཛིན་བཟུང་བྱས་ཡོད་འདུག གནམ་གྲུའི་ནང་འབར་རྫས་དང་མེ་ཤུགས་འཕུར་མདེལ་སོགས་གོ་མཚོན་ལག་ཆ་ཊོན་༣༥སྟོན་ཡོད་འདུག གནམ་གྲུ་དེ་བྱང་ཀོ་རི་ཡ་ནས་ཡོང་ཡོད་པ་དང་མི་སྣ་ལྔ་པོ་ནས་བཞི་ཀ་ཛ་ཀི་སི་ཐན་དང་གཅིག་སྦེ་ལ་རུ་སེ་ནས་ཡིན་ལུགས་འགྲེལ་བརྗོད་བྱས་འདུག གནམ་གྲུ་དེ་རྒྱལ་ཁབ་གང་དུ་བབ་རྩིས་ཡོད་པའི་སྐོར་བརྒྱུད་ལམ་ཁག་གིས་འགྲེལ་བརྗོད་འདྲ་མིན་བྱེད་ཀྱི་ཡོད་འདུག ཁག་ཅིག་གིས་གནམ་གྲུ་དེ་ཤྲི་ལང་ཀའི་ནང་བབ་རྒྱུ་ཡིན་སྐོར་དང་ལ་ལེས་པ་ཀི་སི་ཐན་ནང་བབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག དེའི་དབར་ལ་ཐའེ་ལེན་ཌིའི་སྲིད་བློན་གཞོན་པ་སུཐེཔ་ཐའུག་སུ་བཱན་གྱིས་གནས་ཚུལ་འདི་ཞིབ་འཇུག་མཐར་ཕྱིན་པ་བྱེད་རྒྱུ་ཉེན་ཤས་འགོར་རྒྱུ་དང་དེ་རྗེས་སྙན་ཐོ་མཉམ་འབྲེལ་རྒྱལ་ཚོགས་དང་སྦེ་ལ་རུ་སེ་ ཀ་ཛ་ཀི་སི་ཐན་བཅས་ལ་འབུལ་རྒྱུ་ཡིན་ལུགས་གསུངས་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org