བོད་ཀྱི་མངའ་རིས་ནས་ཀཤ་གར་བར་གནམ་གྲུ་ཚོད་ལྟ།

མངའ་རིས་ནས་ཤར་ཏུར་ཀིསྟན་གྱི་གྲོང་ཁྱེར་ཀཤ་གར་བར་མཁའ་ལམ་འགྲིམ་འགྲུལ་ཚོད་བལྟ་བྱས་པ་དེ་ལམ་ལྷོང་བྱུང་ཡོད་པའི་གནས་ཚུལ།

༄༅༎རྒྱ་ནག་གཞུང་གིས་བོད་ཀྱི་མངའ་རིའི་གྲོང་ཁྱེར་ནས་ཤར་ཏུར་ཀིསྟན་གྱི་གྲོང་ཁྱེར་ཀཤ་གར་བར་མཁའ་ལམ་འགྲིམ་འགྲུལ་ཚོད་བལྟ་བྱས་པ་དེ་ལམ་ལྷོང་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག
མི་མང་བཅིངས་འགྲོལ་དམག་མི་དང་། རྒྱ་ནག་ཤར་ཕྱོགས་མཁའ་ལམ་འགྲིམ་འགྲུལ་ཐོུང་གིས་བོད་ཀྱི་ལྷོ་ནུབ་ཀྱི་གྲོང་ཁྱེར་མངའ་རིས་ནས་བྱང་ནུབ་ཤར་ཏུརྐིསྟན་གྱི་གྲོང་ཁྱེར་ཀཤ་གར་བར་མཁའ་ལམ་འགྲིམ་འགྲུལ་ཚོད་བལྟ་ལམ་ལྷོང་བྱུང་བ་དེ་སླད་ཕྱིན་ཆད་ནས་ལོ་བཅུ་ཕྲག་རིང་གི་དཀའ་ངལ་སེལ་ཡོད་ལུགས་གཞུང་འབྲེལ་ཧྲིང་ཝ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག། ས་མཐོའི་མངའ་རིས་ནི་དགུན་དུས་སུ་གྲང་ངར་ཆེ་བ་དང་ཁ་བའི་རླུང་ཚུབ་དང་ཁ་ཤུད།  ས་ཤུད་སོགས་ཀྱི་རྐྱེན་པས་དགུན་དུས་སུ་འགྲིམ་འགུལ་ཧ་ཅང་ཁག་པོ་ཡོད་རེད། ད་ཆ་མཁའ་ལམ་འགྲིལ་འགྲུལ་ཚོད་བལྟ་ལམ་ལྷོང་བྱུང་བ་དེ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་སྐོར་གནམ་གྲུའི་ཁ་ལོ་པ་དང་ཤར་ཕྱོགས་མཁའ་ལམ་འགྲིལ་འགྲུལ་གྱི་འགན་འཛིན་གཞོན་པ་གཅིག་ལྕོག སན་ཞེུསོངྒ་གིས་འགྲེལ་བརྗོད་བྱས་འདུག༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org