བོད་མི་ཚོས་གནས་སྐབས་རིང་ངོ་རྒོལ་མཚམས་འཇོག་བྱེད་རྒྱུ།

རྒྱ་ནག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་བོད་གཞུང་གིས་གནས་སྐབས་རིང་ངོ་རྒོལ་སྤེལ་རྒྱུ་མཚམས་འཇོག་དགོས་པའི་བཀའ་གནང་འདུག

༄༅༎རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་ཆེན་པོ་ཕོག་པར་བརྟེན་བཙན་བྱོལ་བོད་གཞུང་ནས་བོད་མི་ཚོར་གནས་སྐབས་རིང་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་བྱེད་དགོས་ལུགས་བཀའ་གནང་ཡོད་འདུག།

བཙན་བྱོལ་བོད་གཞུང་གིས་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ནས་ཨེ་ཨེཕ་པི་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བར་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་རྒྱ་ནག་ནང་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་ལམ་དུ་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་།གོད་ཆགས་ཕོག་པའི་མི་མང་ཚོར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད་པ་ལྟར་བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་རྒྱ་ནག་མི་མང་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་རྒྱ་ཆེ་གནང་བ་དང་། དེ་བཞིན་རྒྱ་བོད་མི་རིགས་གཉིས་དབར་མཐུན་སྒྲིལ་གྱི་ཚོགས་པ་ཁག་ཅིག་ཀྱང་བཙུགས་ཡོད་པ་རེད། ད་དུང་མུ་མཐུད་ནས་བོད་མིའི་གནས་སྡོད་གང་སར་ཞལ་འདེབས་བསྡུ་རུབ་དང་། མཛའ་འབྲེལ་གྱི་ཚོགས་པ་སོགས་བཙུགས་ནས་ནང་ཁུལ་ཞི་འགྲིགས་ཡོང་ཐབས་བྱེད་དགོས་པ་དང་། ལྷག་པར་དུ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་འདི་ཟླའི་ཟླ་མཇུག་བར་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས་པའི་བཀོད་ཁྱབ་བཏང་གནང་ཡོད་ལུགས་འགྲེལ་བརྗོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org