འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས།
2011.04.27
༄༅༎ཁ་ས་ཚེས་༢༧ཉིན་བོད་གཞུང་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་དང་འགན་འཛིན་ལས་འཕར་རྣམས་གཉིས་ནས་ཕྱི་ནང་གི་གསར་འགོད་པ་གྲངས་༤༠བརྒལ་བའི་འདུ་འཛོམས་ཐོག་བཙན་བྱོལ་བོད་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མི་མང་སྤྱི་འཐུས་སྐབས་༡༥པའི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་རེད་
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་རྣམ་པ་ཚོས་སྤྱི་འཐུས་སྐབས་༡༥པའི་ཆོལ་ཁ་གསུམ་གྱི་འོས་མི་རྣམས་ཀྱི་མཚན་གཞུང་དང་ ཨ་རི་དང་ཡུ་རོབ། དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་དང་ གཡུང་དྲུང་བོན་བཅས་ཀྱི་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་གནང་འདུག་ལ་ ཡང་དམིགས་བསལ་ད་རེས་ཀྱི་འོས་བསྡུ་འདིའི་སྐབས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཁོངས་སུ་འོས་མི་གཉིས་ལ་བརྒྱ་ཆ་མ་ལོན་པར་བརྟེན་སླར་ཡང་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གནང་དགོས་སྐོར་ཡང་འགྲེལ་བརྗོད་གནང་འདུག