བོད་མི་མང་སྤྱི་འཐུས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ།

ཁམས་དཀར་མཛེས་ཁུལ་དུ་དམ་་བསྒྲགས་བཀག་སྡོམ་གྱི་སྲིད་བྱུས་འཛིན་བཞིན་པ་དེ་ཕྲལ་དུ་ཕྱིར་འཐེན་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ།

༄༅༎བོད་མི་མང་སྤྱི་འཐུས་རྒྱུན་ལས་གྱིས་ཕྱི་ཟླ་དྲུག་པའི་ཚེས་༢༣ཉིན་དེང་སྐབས་ཁམས་དཀར་མཛེས་ཁུལ་དུ་དམ་བསྒྲགས་བཀག་སྡོམ་གྱི་སྲིད་བྱུས་འཛིན་བཞིན་པ་དེ་ཕྲལ་དུ་ཕྱིར་འཐེན་གནང་དགོས་པ་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུས་གནང་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱའི་ཐོག་སྤེལ་བའི་འབོད་སྐུལ་ཡི་གེ་དེའི་ནང་འཁོད་པར་ ཉེ་ཆར་ཁམས་དཀར་མཛེས་རྫོང་ཁུལ་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་དང་སྐད་འབོད་ སྦྱར་ཡིག་བཀྲམ་པ་སོགས་དགེ་འདུན་པ་དང་ བཙུན་མ་ མི་མང་བཅས་ཀྱིས་ངོ་རྒོལ་རྒྱུན་མི་ཆད་པར་སྤེལ་བར་རྒྱ་གཞུང་གིས་བོད་མིར་སྲིད་བྱུས་ངན་པ་ལག་བསྟར་བྱས་པའི་རྐྱེན་གྱིས་ངོ་རྒོལ་བྱུང་བ་ཡིན་པར་ངོས་མ་ཟིན་པར་བོད་མིར་ཉེས་མིང་འདྲ་མིན་བཏགས་ཏེ་ ད་བར་བོད་མི་༢༢ཙམ་འཛིན་བཟུང་གིས་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་མ་ཟད་དཀར་མཛེས་ཀྱི་དགོན་གྲོང་ཚང་མར་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་པ་དང་ དགེ་བཙུན་ཚོའི་འགྲོ་བསྐྱོད་བཀག་སྡོམ་བྱས་པ་དགོན་སྡེ་ཁག་ཏུ་རྒྱ་ནག་གི་མི་སྣ་ཡོང་སྟེ་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་སྡིག་ར་བསྐུལ་བ་དང་ བསུན་བཙིར་ འཇིགས་སྐུལ་རྒྱུན་མཐུད་བྱེད་བཞིན་པའི་སྲིད་ཇུས་ཐབས་སྡུག་འདི་རིགས་རྒྱ་ནག་གཞུང་གིས་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཤུགས་དྲག་བྱ་རྒྱུ་དང་ དེ་བཞིན་རྒྱལ་སྤྱིའི་གཞུང་ཁག་དང་ སྒྲིག་འཛུགས་ཁག་ཚོགས་སྡེ་ཁག་བཅས་ཀྱིས་དཀར་མཛེས་ཕྱོགས་ཀྱི་བོད་མི་འཛིན་བཟུང་དང་ བཙོན་འཇུག་བྱས་པ་དེ་དག་མྱུར་དུ་གློད་བཀྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་སྐུལ་མ་དང་ གནོན་ཤུགས་ གནས་ཚུལ་རྩད་གཅོད་ཡོང་ཐབས་གནང་དགོས་པའི་ཞེན་བསྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་དང་འབོད་སྐུལ་ཡི་གེ་དེའི་ནང་ད་དུང་འཁོད་པར་ ཕྱི་ལོ་ཉིས་སྟོང་བརྒྱད་ནས་བོད་ཆོལ་གསུམ་ཡོངས་སུ་ཞི་བའི་ངོ རྒོལ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་མོས་མཐུན་རྩ་བ་ནས་མེད་པར་ རྒྱལ་སྤྱིའི་ནང་བོད་མིའི་མངོན་འདོད་གསལ་བཏོན་བྱས་ཡོད་ནའང་ རྒྱ་ནག་དབང་འཛིན་པས་སྣང་མེད་སྐྱུར་འཇོག་གིས་བོད་མིར་ཉེས་མེད་ཁག་དཀྲི་དང་ དྲག་གནོན་ རྡུང་རྡེག་ འཛིན་བཟུང་་བཀག་བསྐྱིལ་དང་ དྲང་བདེན་གྱི་ཁྲིམས་བཤེར་མ་བྱས་པར་བཙོན་འཇུག་དང་ སྲོག་ཐོག་བཏང་བ་སོགས་མི་སྤྱོད་ལས་འདས་པའི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་ཡོད་ ཁྱད་པར་ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་བ་གསུམ་པའི་ཚེས་༡༦ཉིན་རྔ་བ་ཁུལ་དུ་ཟླ་གྲངས་དུ་མར་ངོ་རྒོལ་སྐད་འབོད་བྱུང་བར་ཚབས་ཆེའི་དྲག་གནོན་དང་ ཉེ་ཆར་ཕྱི་ཟླ་དྲུག་པའི་ཚེས་༦ཉིན་ཁམས་དཀར་མཛེས་རྫོང་དུ་དགེ་འདུན་གཉིས་ཀྱིས་བོད་ལ་རང་དབང་དགོས་ ༧གོང་ས་མཆོག་མྱུར་དུ་བོད་ལ་གདན་ཞུ་གནང་དགོས་པའི་སྐད་འབོད་གནང་ཏེ་ དེ་ནས་བཟུང་གཅིག་རྗེས་གཉིས་འཐུད་ཀྱིས་ས་གནས་དེའི་ནང་ཞི་རྒོལ་རྒྱུན་མི་ཆད་པར་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ངན་པ་འཛིན་བཞིན་ཡོད་པའི་སྐོར་སོགས་འཁོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org