བོད་མི་མང་སྤྱི་འཐུས་ནས་ལོ་གསར་སྲུང་བརྩི་ཕྱི་བཤོད་གནང༌བ།
2012.02.22
༄༅། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དགོངས་བཞེས་ཀྱིས་འདི་ལོ་རབས་གནས་ཆུ་འབྲག་ལོའི་ལོ་གསར་སྲུང་བརྩི་ཕྱི་བཤོལ་གྱིས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་བསྟན་སྲིད་རང་དབང་བསྐྱོར་གསོའི་ཆེད་དུ་གཅེས་པའི་ལུས་སྲོག་ཞུགས་མེད་ཕུལ་བ་རྣམས་གཙོའི་རྒྱ་ནག་གིག་གདུག་རྩུབ་དྲག་གནོན་འོག་ཚུད་པའི་གཞིས་ལུགས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྣ་ཚོགས་ཤིག་ལོ་གསར་ཚེས་གཅིག་ཉིན་ཉིན་རྒྱ་དུས་གཅིག་ཏུ་བཞུགས་སྒར་དྷ་རམ་ས་ལ་གཙོས་པའི་བོད་མི་གནས་སྡོད་འཛམ་གླིང་ས་ཕྱོགས་གང་སར་སྤེལ་བཞིན་པའི་ཐོག་བོད་མི་མི་མང་སྤྱི་འཐུས་རྣམ་པས་དེ་ཉིན་ཐེགས་ཆེན་གཙུག་ཁང་༸གོང་ས་མཆོག་དབུ་བཞུགས་ཀྱིས་མཛད་རིམ་གྲུབ་བའི་རྗེས་སུ་དེ་ཉིན་ཟས་བཅད་ངོ་རྒོལ་གནང་ཡོད་པ་དེར་མང་ཚོགས་ཀྱང་མཉམ་ཞུགས་གནང་ཡོད་རེད། ལས་འགུལ་དབུ་འཛུགས་མ་གནང་གོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཞིས་ལུས་མི་རྣམས་དགུང་སེམས་མཉམ་བསྐྱེད་ཀྱི་གཏམ་བཤད་གནང་འདུག། ཟས་བཅད་ངོ་རྒོལ་དང་འབྲེལ་བའི་ཡོངས་གྲགས་གསལ་བསྒྲགས་སྤེལ་བའི་བོད་མི་མིང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༠༩ཟླ་༢ཚེས་༢༧ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ད་བར་བོད་ནང་གི་བོད་མི་སྐྱ་སེར་གྲངས་ ༢༣ དང་། བཙན་བྱོལ་ནང་གི་བོད་མི་གཉིས་བཅས་ཁྱོན་མི་གྲངས་༢༥ ཡིས་རང་ལུས་མེར་སྲེག་བཏང་ཡོད། དེ་དག་གི་ཁྲོད་ནས་བོད་ནང་བཙུན་མ་གསུམ་ཚུད་པའི་མི་གྲངས་༡༥ཡི་སྐུ་སྲོག་ཤོར་ཡོད་པ་དང་། འདི་ལོ་ཕྱི་ཟླ་ ༡ ཚེས ༢༣རྒྱ་མིའི་ལོ་གསར་གྱི་དགའ་སྟོན་སྐབས་བོད་མི་ཚོས་མྱ་ངན་གྱི་ཞི་རྒོལ་བྱས་པས། རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མེ་མདའ་གང་བྱུང་བརྒྱབ་ནས་བྲག་འགོ་ཁུལ་དུ་མི་བཞི་དང་། གསེར་རྟ་ཁུལ་དུ་མི་གཉིས་། ཛམ་ཐང་དུ་མི་གཅིག་བཅས་ཁྱོན་མི་གྲངས་ ༧ དམར་གསོད་བཏང་ཡོད་པ་ཤེས་རྟོགས་ཐུབ་ཡོད། ད་དུང་ལོ་འདིའི་ཟླ་ ༢ཚེས་༨ཉིན་ནང་ཆེན་དང་། ཁྲི་འདུ། རྫ་སྟོད། མགོ་ལོག ཆུ་ཆེན། ཆབ་ཆ་སོགས་སུའང་ལྷག་དཀར་སྲུང་བརྩི་དང་མི་མང་གིས་ཞི་རྒོལ་རིམ་པར་བྱུང་ཡོད་པ་དང་། རྒྱ་གཞུང་གིས་དེང་སྐབས་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་དང་། ལྷག་པར་དུ་ཞི་རྒོལ་འབྱུང་ཡུལ་ས་གནས་ཀྱི་དྲ་ལམ་དང་ཁ་པར་བརྒྱུད་ལམ་བཙན་བཀག་གིས། མངོན་གསལ་མ་ཡིན་པའི་དྲག་པོའི་ཁྲིམས་གཞི་བསྡམས་ཡོད་པ་སོགས་ལུང་འདྲེན་གྱིས་ཆེས་ཛ་དྲག་གི་གནས་སྟངས་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་འདི་དག་ཐད་སྔ་རྗེས་སུ་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་རིམ་པར་བྱས་ཡོད་ཅིང༌། ལྷག་དོན་དུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ལ་ཡོངས་བསྒྲགས་ཀྱི་སྙན་ཞུ་གཤམ་གསལ་དོན་ཚན་བདུན་བྱས་པ་ཞིག་ཡོད་འདུག།
༡༽ དམག་དཔུང་ཕོན་ཆེ་བསྐྱར་སྣོན་བྱས་པ་རྣམས་འཕྲལ་དུ་ཕྱིར་འཐེན་གྱིས་ཛ་དྲག་གནས་སྟངས་འགྲིག་འཇགས་དང་བོད་མིའི་མངོན་འདོད་ལ་བསམ་གཞིགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས།
༢༽ དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་ཕྱོགས་ལྷུང་མེད་པའི་རང་དབང་ཅན་གྱི་སྐུ་ཚབ་བོད་ནང་གཏོང་དགོས་པ་དང། གལ་ཏེ་དེ་ལྟར་བྱ་རྒྱུར་དཀའ་ངལ་འཕྲད་ཚེ་དངོས་ཡོད་གནས་ཚུལ་འཚོལ་ཞིབ་ཆེད་བོད་མིའི་སྐུ་ཚབ་གཏོང་དགོས།
༣༽ བོད་མི་རིགས་ཀྱི་ངོ་བོ་རྩ་མེད་འགྲོ་རྒྱུའི་སྲིད་བྱུས་དང་བྱེད་ཐབས་མཚམས་འཇོག་བྱས་ཏེ་བོད་མིར་ཆོས་དད་རང་དབང་སྤྲོད་རྒྱུ་དང་ཞི་འགྲིག་གི་ཐབས་ལམ་བསྟེན་དགོས་པ་དང། བོད་མིའི་སེམས་ཚོར་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་འགོག་ཐབས་བྱེད་དགོས།
༤༽ བོད་མི་འབྲོག་པ་རྣམས་ས་གནས་གཅིག་ཏུ་བཙན་སྡོད་བྱེད་དུ་འཇུག་པ་དེ་དག་མཚམས་འཇོག་གིས་འབྲོག་པ་ཚོའི་ཕ་མེས་ནས་བརྒྱུད་པའི་ཁོར་ཡུག་གི་གོ་རྟོགས་དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུའི་ཆ་ཤས་སུ་ངེས་པར་དུ་མཉམ་ཞུགས་བྱེད་དུ་འཇུག་དགོས།
༥༽ བོད་ནང་འཛུགས་སྐྲུན་གྱི་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱེད་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་འཇིག་ཉེན་ཆེ་བ་དེར་ངེས་པར་དུ་བསམ་གཞིགས་ཐོག་ས་གནས་བོད་རིགས་ཚོར་ཁེ་ཕན་ཡོད་པ་བྱེད་དགོས།
༦༽ པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་བཏང་སྟེ་འབར་མའི་སྲིད་གཞུང་ལྟར་གཞུང་དང་མང་ཚོགས་དབར་ཡིད་ཆེས་ཆེ་རུ་གཏོང་དགོས། ༧༽ བོད་མི་ཚོ་དང་གྲོས་མོལ་བསྐྱར་གསོ་བྱས་ཏེ་ཆོད་སེམས་བརྟན་པོས་བོད་ཀྱི་དཀའ་ངལ་སེལ་ཆེད་ཕུགས་རྒྱང་རིང་པོས་ཐབས་ལམ་ཐོག་ནས་བོད་དང་ཉེ་འབྲེལ་ས་ཁྱོན་ཁག་ཏུ་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱེད་དགོས་ཅེས་ཡིན་འདུག།