ཉི་ཧོང་གི་སྲིད་བློན་ཟུར་པས་ཐའེ་ལྦན་སྲིད་འཛིན་དང་མཇལ་འཆར།

ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོ་ཐའེ་ལྦན་དུ་ཕེབས་ནས་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་དང་མཇལ་འཕྲད་གནང་འཆར་ཡོད་འདུག

2010.04.04

༄༅༎ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོ་ཐའེ་ལྦན་དུ་ཕེབས་ནས་ཐའེ་ལྦན་གྱི་སྲིད་འཛིན་མའ་དབྱིང་ཇའུ་དང་མཇལ་འཕྲད་གནང་འཆར་ཡོད་འདུག

ཐའེ་ལྦན་ནང་ཡོད་པའི་ཚོང་དོན་དངུལ་ཁང་གིས་གདན་ཞུ་བཞིན་ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོ་གཟའ་ཟླ་བའི་ཉིན་ཐའེ་ལྦན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་ཁོང་དང་ལྷན་དུ་སྐུ་ཟླ་དང་བོུ་ཕེབས་རོགས་སུ་ཡོད་པ་དང་ཉི་ཧོང་གི་སྲིད་བློན་ཟུར་པ་ཨ་སོ་ཡི་ཤུགས་རྐྱེན་ཉི་ཧོང་གི་སྲིད་དོན་ཚོགས་པའི་ནང་ད་དུང་ཡང་ཤུགས་ཆེ་ཡོད་མུས་ཡིན་པར་བརྟེན་ནས་ད་རེས་ཁོང་ཐའེ་ལྦན་དུ་འཚམས་གཟིགས་སུ་ཕེབས་པ་དེས་  ཉི་ཧོང་དང་ཐའེ་ལྦན་གྱི་འབྲེལ་ལམ་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཧེན་རི་ཁྲེན་གྱིས་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་དྲི་བར་ལན་འདེབས་གནང་བའི་སྐབས་གསུངས་འདུག 

ཡིན་ནའི་ཐའེ་ལྦན་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དཔོན་རིགས་རྣམ་གཉིས་དབར་མཇལ་མོལ་ག་པར་གནང་མིན་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མེད་པ་རེད་ ཡང་ཐའེ་ལྦན་གྱི་ཕྱི་སྲིད་དཔོན་རིགས་གཞན་ཞིག་གིས་ད་རེས་ཉི་ཧོང་གི་སྲིད་བློན་ཟུར་པ་ཐའེ་ལྦན་དུ་ཕེབས་ཡས་དེའི་ཐོག་ཐའེ་ལྦན་གཞུང་གིས་གལ་འགངས་ཆེན་པོ་ཞིག་ཏུ་རྩིས་ནས་དོ་སྣང་གནང་གི་ཡོད་པ་དང་ཡིན་ནའི་དེས་རྐྱེན་པས་རྒྱ་ནག་དང་ཐའེ་ལྦན་གྱི་འབྲེལ་ལམ་ཐོག་གནོད་ཚབས་མི་ཡོང་རྒྱུའི་རེ་བ་དང་བྱེད་བཞིན་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་   ཉི་ཧོང་གི་སྲིད་བློན་ཟུར་པ་ཏ་རོ་ཨ་སོ་གྱིས་ཕྱི་ལོ་ཉིས་སྟོང་དྲུག་ལོར་ཁོང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱི་ཐུགས་འགན་བཞེས་པའི་སྐབས་  ཉི་ཧོང་གྲོས་ཚོགས་སུ་ལས་དོན་སྙན་སྒྲོན་གནང་བའི་སྐབས་ཐའེ་ལྦན་དེ་བཞིན་དམངས་གཙོ་ལམ་ལུགས་ཡོངས་སུ་ལྡན་པ་དང་དཔལ་འབྱོར་རང་དབང་ལྡན་པའི་ཁྲིམས་ཐོག་ནས་ཁས་ལེན་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་པ་གསུང་མྱོང་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎