ཡོ་རོབ་གྲོས་ཚོགས་ཀྱིས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར།

ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པས་བོད་མིར་གདུང་སེམས་མཉམ་བསྐྱེའི་གསུང་བཤད་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར།

2011.11.11

༄༅༎ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་གིས་བོད་མིར་གདུང་སེམས་མཉམ་བསྐྱེའི་གསུང་བཤད་གནང་བ་དང་འབྲེལ་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཁས་ལེན་གནང་འདུག
སྦེལ་ཇམ་ནང་གནས་སྡོད་བོད་མི་ཚོས་ཡུ་རོབ་གྲོས་ཚོགསཀྱི་མདུན་དུ་ཟས་བཅད་ངོ་རྒོལ་ལས་འགུལ་ཉིན་གྲངས་དྲུག་གནང་བའི་ཉིན་མཐའ་མ་ཕྱི་ཟླ་བཅུ་གཅིག་པའི་ཚེས་༩ཉིན་ལས་འགུལ་མཇུག་སྒྲིལ་གནང་སྐབས་ ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཨི་ཊེ་ལྦེ་ནེཀ་མོན་ལན་སེ་ཀོ་མཆོག་ཆེད་ཕེབས་གནང་སྟེ་ ཁོང་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་གནང་བ་དང་སྦྲགས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་རྒྱུ་ཡིན་ཞེས་གསུང་འདུག གྲོས་ཚོགས་ཀྱི་ཚོགས་གཞོན་མཆོག་ནས་ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞིག་ཡིན་པའི་ཆ་ནས་ འོས་འགན་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་དང་ མང་གཙོ་འཕེལ་རྒྱས་ཐོག་འགན་འཁུར་ལེན་བཞིན་ཡོད་ དེར་བརྟེན་ཁྱེད་ཚོ་བོད་པའི་རྩ་དོན་དེ་བཞིན་དེ་དག་དང་འབྲེལ་བ་ཡོད་པ་བརྟེན་ ཁོང་རང་སྒེར་ལ་ཧ་ཅང་སེམས་འཚབ་ཆེན་པོ་ཡོང་གི་ཡོད་པ་དང་ གོ་སྐབས་ནམ་བྱུང་ལ་བོད་མི་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ་མ་འོངས་པར་ཡང་བྱ་རྒྱུ་ཡིན་ གང་ཡིན་ཟེ་ན་ བོད་མི་ཚོའི་ལས་དོན་དེ་དག་དྲང་བདེན་དང་ འཚེ་བ་མེད་པའི་ཐོག་ནས་བྱེད་བཞིན་ཡོད་སྟབས་རླབས་ཆེན་རེད་ དེ་རིང་ཁོང་བོད་མིས་ཟས་བཅད་་་ངོ་རྒོལ་གནང་སར་ཕེབས་དགོས་དོན་ཡང་ རྒྱབ་སྐྱོར་མཚོན་ཆེད་དུ་ཕེབས་པ་ཡིན་ཞེས་གསུང་འདུག དེ་དང་ཕྱོགས་མཚུངས་སྐབས་དེར་ ཡུ་རོབ་ གྲོས་ཚོགས་ཀྱི་ སུད་ཌེན་དང་ སི་པེན་སོགས་ཀྱི་འཐུས་མི་ཁག་ཅིག་ནས་ཀྱང་ཟས་བཅད་ལས་འགུལ་སྤེལ་སར་ཕེབས་ཏེ་གདུང་སེམས་མཉམ་བསྐྱེའི་གསུང་བཤད་གནང་བ་མ་ཟད་ ཁོང་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་པའི་སྐོར་ཡང་གསུང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎