བོད་དང་རྒྱ་ནག་སོག་པོ་ཡུ་གུར་བཅས་ཀྱི་ལྷན་ཚོགས།
2011.07.10
༄༅༎སྦེལ་ཇིཡེམ་གྱི་རྒྱལ་ས་སྦར་སེལ་སི་ནང་ཕྱི་ཚེས་༦ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༦་ལ་ཕེབས་པའི་སྐུའི་འཁྲུངས་དུས་ཆེན་སྲུང་བརྩི་ཞུས་པ་དང་བསྟུན་ནས་ཡོ་རོབ་ཁུལ་གྱི་བོད་དང་རྒྱ་ནག་ སོག་པོ་ ཡུ་གུར་བཅས་ཀྱི་ལྷན་ཚོཌ་ཞིག་ཀྱང་གསར་འཛུཌ་གནང་འདུག རྒྱལ་ས་སྦར་སེལ་སི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གོ་སྒྲིཌ་ཞུ་མཁན་ནི་བོད་རྒྱ་མཛའ་འབྲེལ་ཚོཌ་པ་ཡིན་པ་དང་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་ནང་ཕྱི་ནང་མི་མང་༡༧༥་ལྷག་ལྷན་བཞུཌ་གནང་འདུག ཡོ་རོབ་ཀྱི་བོད་རྒྱ་མཛའ་འབྲེལ་ཚོཌ་པ་གསར་འཛུཌ་གནང་སྟེ་ལོ་གཅིག་འཁོར་ཡོད་ཡོད་པ་དང་བོད་རྒྱ་མཛའ་འབྲེལ་ཚོཌ་པའི་ཚོཌ་གཙོ་བློ་བཟང་དབང་འདུས་ལཌ་ཀྱིས་ཚོཌ་པ་དེ་གསར་འཛུཌ་གནང་དགོས་པའི་དམིཌ་ཡུལ་གཙོ་བོ་ནི་བོད་རྒྱ་མི་རིགས་གཉིས་དབར་མཉམ་འབྲེལ་ཐོག་ཕན་ཚུན་རྒྱུས་ལོན་དང་གོ་རྟོགས་ཡར་རྒྱས་གོང་འཕེལ་གཏོང་ཐབས་ཆེད་ཡིན་ལུཌ་འགྲེལ་བརྗོད་གནང་འདུག་ ཡང་དབྱིན་སྐད་ཐོག་European Council of Mongolia-Ughur-Tibet -China ཞེས་ཡོ་རོབ་ཀྱི་བོད་དང་རྒྱ་ནག་ སོག་པོ་ ཡུ་གུར་བཅས་ཀྱི་ལྷན་ཚོཌ་གསར་པ་དེ་ནི་བོད་དང་རྒྱ་ནག་ སོག་པོ་ ཡུ་གུར་མི་རིགས་བཅས་ཀྱི་དབར་ཕན་ཚུན་རིག་གཞུང་དང་ངོ་བོ་ཤེས་རྟོག་ཆེད་ཡིན་པ་དང་ཚོཌ་པ་དེའི་འབོད་སྒྲཌ་ནི་རང་དབང་དང་འདྲ་མཉམ་ མཛའ་བརྩེ་ རིག་གཞུང་ ཞི་བདེ་བཅས་ཡིན་འདུག སྐབས་དེར་ལྕམ་མོ་ན་ཀྲི་མིན་ཏང་ཡིས་གོང་ཞུས་ཚོཌ་པ་དེ་ངོ་སྤྲོད་གནང་སྟེ་མཛད་སྒོ་མཇུག་བསྡོམས་གནང་སྐབས་རྒྱ་ནག་དམར་ཤོག་ཚོཌ་པའམ་རྒྱ་ནག་གུང་བྲན་ཏང་གི་བཙན་གནོན་འོག་འདས་པའི་མི་ལོ་༦༠་རིང་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་རྣམས་ལ་ཚང་མས་ངག་བཅད་་གུསའདུད་ཞུས་འདུག དེའི་རྗེས་སུ་སོག་པོ་དོན་གཉེར་བ་ཤི་ཧི་མིང་ཡིས་བོད་དང་སོག་པོ་གཉིས་ནི་ནང་ཆོས་ལ་དད་གུས་ཡིད་ཆེས་ཞུ་མཁན་གཅིག་མཚུངས་ཡིན་པ་མ་ཟད་ རྒྱ་ནག་དམར་པོའི་གཞུང་གིས་བཙན་གནོན་འོག་སྡུག་བསྡལ་མྱོང་མཁན་གཅིག་པ་ཆཌ་ཡོད་པ་སོཌ་ཀྱི་སྐོར་གསུངས་བཤད་གནང་འདུག་ ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ལྷན་དུ་ཕྱག་ལས་གནང་མཁན་རྒྱ་རིགས་རྩོམ་པ་པོ་ལིའོ་ཏིཡན་ཆི་ཡིས་མི་མང་པོ་འཛོམས་ནས་༧གོང་ས་ཏ་ལའི་བླ་མ་མཆོག་ལ་གུས་བཀུར་ཞུ་དུས་ངོས་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་ཞེས་སོཌ་གསུངས་འདུག ཡང་སུས་སིའི་གྲོང་ཁྱེར་ཇི་ནི་ལྦ་ནང་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིཌ་འཛུཌ་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་བོད་རྒྱ་མཛའ་འབྲེལ་ཐད་ཕྱག་ལས་གནང་མཁན་བློ་བཟང་ཉི་མ་ལཌ་ཀྱིས་བོད་རྒྱ་མི་རིགས་ཕན་ཚུན་གཉིས་དབར་བསམ་ཤེས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ འཛམ་བུ་གླིང་གིས་བོད་མི་རིགས་ལ་བརྩི་མཐོང་བྱེད་དོན་ནི་ནང་པའི་ཆོས་ཀྱི་བསླབ་བྱ་མཛའ་བརྩེ་དང་བྱམས་སྙིང་རྗེ་སོཌ་ལས་བྱུང་བ་ཞིག་རེད་ དེ་དག་བོད་མི་ཚོས་རྒྱུད་འཛིན་དང་བོད་རབས་རྗེ་མ་ཚོར་རྒྱུད་སྤྲོད་བྱེད་དགོས་པ་གལ་ཆེ་ཡིན་སྐོར་སོཌ་བཀའ་སློབ་གནང་ཡོད་པའི་གནས་ཚུལ་འདུག།