རྒྱ་ནག་ནང་ས་ཞིང་ལ་ཐེན་པ་བསྟེན་པའི་དཀའ་ངལ།

རྒྱ་ནག་གི་ཀུའང་ཏུང་ཞིང་ཆེན་ནང་ས་ཞིང་སོན་ཁལ་ལྔ་ཁྲི་གསུམ་སྟོང་ལྷག་གི་སྟོན་ཐོག་ལ་ཐེན་པའི་གནོད་འཚེ་ཆེན་པོ་བྱུང་ཡོད་པ་རེད།

༄༅༎རྒྱ་ནག་གི་ཀུའང་ཏུང་ཞིང་ཆེན་ནང་ཆར་ཆུ་མི་འབབ་པར་ས་ཞིང་ལ་ཐེན་པ་བསྟེན་པའི་དཀའ་ངལ་ཆེན་པོར་ལྷུངས་སྟེ་ཞིང་ཆེན་དེའི་ནང་གི་མི་དམངས་ཁྲི་ལྔ་ལྷག་ལ་འཐུང་ཆུ་མི་འདེངས་བའི་ཁར་ས་ཞིང་སོན་ཁལ་ལྔ་ཁྲི་གསུམ་སྟོང་ལྷག་གི་སྟོན་ཐོག་ལ་གནོད་འཚེ་ཆེན་པོ་བྱུང་ཡོད་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གི་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་ཀུའང་ཏུང་ཞིང་ཆེན་ས་གནས་ཀྱི་ཆུ་ལོག་གི་གནོད་འཚེ་དང་ཐེན་པའི་གནོད་འཚེ་འགོག་ཐབས་བྱེད་མཁན་གྱི་འབྲེལ་ཡོད་དཔོན་རིགས་ནས་འདི་ལོ་ཀུའང་ཏུང་ཞིང་ཆེན་ཁུལ་དུ་སྤྱི་ཡོངས་ཀྱི་ཆར་པ་མི་ལི་མི་ཊར་ཆིག་སྟོང་བཞི་བརྒྱ་བབས་ཡོད་པ་དང་དེ་ནི་ན་ནིང་ལོར་ཆར་པ་བབས་པའི་ཚད་གཞི་དང་བསྡུར་ན་བརྒྱ་ཆ་བཅུ་གསུམ་གྱིས་འདི་ལོ་ཉུང་བ་བབས་ཡོད་པའི་འགྲེལ་བརྗོད་བྱས་པ་ལུང་འདྲེན་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org