ནུབ་ཕྱོགས་ཀྱི་གཞུང་ཚབ་ཁག་ཅིག་གིས་བལ་ཡུལ་ལ་སྐུལ་འདེད།
ནུབ་ཕྱོགས་ཀྱི་གཞུང་ཚབ་ཁག་གིས་བལ་ཡུལ་ནང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ཚོའི་དཀའ་རྙོག་གང་མགྱོགས་སེལ་དགོས་པའི་སྐུལ་འདེད།
-
2009-08-30 -
-
-
༄༅༎ནུབ་ཕྱོགས་ཀྱི་གཞུང་ཚབ་ཁག་ཅིག་གིས་བལ་ཡུལ་གྱི་གཞུང་དང་མའོ་ཤོག་ཁག་གཉིས་ཀར་དེ་སྔ་འཐབ་རྩོད་ནང་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་ཚོའི་དཀའ་རྙོག་གང་མགྱོགས་སེལ་ཐབས་གནང་དགོས་པའི་སྐུལ་འདེད་གནང་ཡོད་འདུག
ཕྱི་ལོ་ཉིས་སྟོང་དྲུག་ལོར་གཞུང་དང་མའོ་གྱེན་ལོག་ཤོག་ཁག་དབར་ཞི་འགྲིགས་མ་བྱས་གོང་ཡུལ་མི་༡༢༠༠ལྷག་ཙམ་གར་སོང་ཆ་མེད་དུ་གྱུར་བའི་དཀའ་རྙོག་སེལ་རྒྱུར་ཕྱོགས་གཉིས་ཀས་ཁས་ལེན་བྱས་ཡོད་ཀྱང་ད་བར་ལག་ལེན་འཁེལ་མེད་པར་བརྟེན་རེས་གཟའ་ཉི་མའི་ཉིན་ནུབ་ཕྱོགས་རྒྱལ་ཁབ་ཚོའི་གཞུང་ཚབ་ཁག་ཅིག་གིས་ད་ཆ་གཞུང་དང་མའོ་ཤོག་ཁག་གཉིས་ཀས་དཀའ་རྙོག་དེ་སེལ་ཐབས་གནང་དགོས་པའི་སྐུལ་འདེད་ནན་པོ་གནང་ཡོད་ལུགས་ཨེ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁག་གིས་བལ་ཡུལ་གྱི་གཞུང་དང་མའོ་གྱེན་ལོག་ཤོག་ཁག་གཉིས་ཀས་འདས་པའི་འཐབ་རྩོད་སྐབས་ཡུལ་མི་མང་པོ་བཙན་ཁྲིད་ཀྱིས་ཁྲིམས་འགལ་རྐྱེན་ལམ་དུ་བཏང་བ།བཙན་གཡེམ་བྱས་པ།མནར་གཅོད་གཏོང་བ་སོགས་གདུག་རྩུབ་དྲག་གནོན་ཚོད་མེད་བྱས་ཡོད་ལུགས་སྐྱོན་བརྗོད་བྱས་མེད་མུས་ཡིན་པ་རེད། མའོ་ཤོག་ཁག་གིས་གྱེན་ལངས་ཀྱི་ལས་འགུལ་དོར་ནས་རྒྱལ་པོའི་རིང་ལུགས་མེད་པ་བཟོ་ཐུབ་ཡོད་པ་མ་ཟད་གཞུང་འཛིན་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཡོད་ཀྱང་རིང་པོར་མ་སོང་བར་གཞུང་འཛིན་ནས་ཕྱིར་ཐོན་བྱེད་དགོས་བྱུང་བ་རེད། ཞི་འགྲིགས་སྐབས་མའོ་ཤོག་ཁག་གིས་གར་སོང་ཆ་མེད་དུ་གྱུར་བའི་ཡུལ་མི་དེ་དག་གིས་གནས་སྟངས་ངོ་མ་ཇི་ཆགས་རྩད་གཅོད་བྱེད་རྒྱུའི་ཆེད་ཞིབ་འཇུག་ཚོགས་པ་བཙུགས་རྒྱུའི་ཁས་ལེན་བྱས་ཡོད་འདུག།