བོད་ནང་གི་གནས་སྟངས་ཇི་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པ།

བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་མཆོག་ནས་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཐོག་ད་ལྟའི་བོད་ནང་གི་གནས་སྟངས་གསལ་བཤད་གནང་བ།

2008.10.14

༄༅༎དེང་སྐབས་ཨོ་སི་ཀྲོ་ལི་ཡའི་ཁུལ་དུ་ཆེད་ཕེབས་གནང་བཞིན་པ་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་ཕྱི་ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཕྱི་སྲིད་ལས་དོན་དང་བདེ་སྲུང་དེ་བཞིན་ཚོང་ལས་སྡེ་ཚན་ཚོགས་ཆུང་ཐོག་ད་ལྟའི་བོད་ནང་གི་གནས་སྟངས་གསལ་བཤད་གནང་པ་དང་ཁོང་གིས་ཨོ་སི་ཀྲོ་ལི་ཡའི་གཞུང་ཕྱོགས་ནས་བོད་ཀྱི་ས་ཁུལ་ཁག་ཏུ་དངོས་ཡོད་བདེན་དོན་འཚོལ་ཞིབ་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་གནང་འདུག

བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བྱུང་རྗེས་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་པ་དང་བོད་མིའི་འགྲོ་འོང་གི་བྱ་བར་དམ་བསྒྲགས་ནན་པོ་བྱེད་བཞིན་པ་སོགས་མདོར་ན་བོད་ནང་གི་གནས་སྟངས་ཇི་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད་

དེ་བཞིན་བཀའ་བློན་མཆོག་ནས་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣའི་དབར་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་རྒྱུའི་སྐོར་ཡང་གསལ་བཤད་གནང་འདུག་པར་མ་ཟད་ཚོགས་ཆུང་དེའི་གྲོས་ཚོགས་ཀྱི་འཐུས་མི་ཚོའི་བཀའ་འདྲིར་ཡང་བཀའ་ལན་གནང་ཡོད་འདུག

ཕྱི་ཚེས་བཅུ་གསུམ་དགོང་དྲོ་ཨོ་སི་ཀྲོ་ལི་ཡའི་སྔོ་ལྗང་ཚོགས་པའི་དབུ་འཁྲིད་རྒྱུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སྦོབ་སྦ་རའོན་མཆོག་ནས་བཀའ་བློན་ལྕམ་སྐལ་བཟང་དབྱངས་སྐྱིད་མཆོག་ལ་གསོལ་སྟོན་ཞིག་ཀྱང་ཕུལ་ཡོད་པ་རེད་ སྔོ་ལྗང་ཚོགས་པ་ནི་ཨོ་སི་ཀྲོ་ལི་ཡའི་སྲིད་དོན་ཚོགས་པ་ཆེ་ཤོས་གསུམ་པ་དེ་ཡིན་པར་མ་ཟད་ནུས་ཤུགས་རྒྱ་སྐྱེད་དུ་འགྲོ་བཞིན་པའི་ཚོགས་པ་ཞིག་ཀྱང་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎