བལ་གཞུང་འཛུགས་མ་ཐུབ་པའི་དཀའ་རྙོག

བལ་ཡུལ་ནང་ཆིག་བསྒྲིལ་གྱི་གཞུང་ཞིག་འཛུགས་རྒྱུའི་དུས་བཀག་བཟོས་གནང་ཡོད་པ་དེ་རེས་གཟའ་ལྷག་པའི་ཉིན་དུས་ཚོད་ཡོལ་འདུག

༄༅༎བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་མཆོག་གིས་ཡུལ་དེའི་སྲིད་དོན་ཚོགས་པ་ཚོར་ཉིན་གྲངས་འཕར་མ་གསུམ་གྱི་ནང་ཚུད་

ཆིག་བསྒྲིལ་གྱི་གཞུང་ཞིག་འཛུགས་རྒྱུའི་དུས་བཀག་བཟོས་གནང་ཡོད་པ་དེ་རེས་གཟའ་ལྷག་པའི་ཉིན་དགུང་རྒྱབ་ཕྱི་དྲོ་ཚོུད་༥་པའི་ཐོག་དུས་ཚོད་ཡོལ་གྱི་ཡོད་པ་རེད།

གལ་ཏེ་གོང་གསལ་གྱི་དོུད་ངེས་ཅན་གནང་བ་དེའི་ནང་སྲིད་དོན་ཚོགས་སྡེ་ཁག་གིས་ཡུལ་གྱི་སྲིད་བློན་འོས་འདེམས་བྱ་རྒྱུའི་ལས་དོན་ཁུངས་མ་འཁྱོལ་ཚེ། དེ་མཚམས་སུ་བལ་ཡུལ་གྱི་སྲིད་འཛིན་མཆོག་གིས་གྲོས་ཚོགས་ཀྱི་དྲུང་ཆེ་ཚོར་གྲོས་ཚོགས་ཀྱིས་ཡུལ་གྱི་སྲིད་བློན་འོས་འདེམས་བྱ་རྒྱུའི་ལས་འགུལ་བཀོད་སྒྲིག་གནང་རྒྱུར་ངེས་པ་ཡིན་ཞེས་བཀའ་ཁྱབ་གནང་ཡོད་པ་རེད།

བལ་ཡུལ་གྱི་སྤྱི་ཚོགས་རིང་ལུགས་མཉམ་འབྲེལ་ཚོགས་པའམ་མའོའི་ཚོགས་པའི་ངོས་ནས་སྲིད་བློན་གྱི་འོས་མི་སྦ་རྡུ་རམ་བ་ཏ་རའེ་ཞུ་བ་ཁོང་མིང་བཏོན་བྱས་ཡོད་པ་དང་བལ་ཡུལ་ཀོང་ཀི་རི་སི་ཚོགས་པས་ཤེར་སྦ་ཧ་རྡུར་རྡེའུ་སྦ་གི་མིང་བཏོན་བྱས་ནས་གང་ལྟར་བལ་ཡུལ་གྱི་མ་འོངས་པའི་སྲིད་བློན་སུ་ཡིས་བྱེད་མིན་གྱི་གནད་དོན་དེའི་ཐད་མའོའི་ཚོགས་པ་དང་ཚོགས་པ་གཞན་གྱི་དབར་མོས་མཐུན་མ་བྱུང་བའི་གནས་སུ་དུས་ཚོད་ཀྱང་མཐར་ཐུག་གི་ཡོད་པའི་གནས་ཚུལ་ཐོན་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org